e-texts navigator
Collection
Volume
Page
Wylie

206b1 ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ནག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ།། རྦབ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བརྒྱད་ཐོང་ནི་འཕྲུལ་དགའི་རྩ་རྣམས་ཀྱི་ཚོ་ཚད་དོ།། དགེ་སློང་དག་ལྷག་མའོ།
206b2 ཆོས་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་མྱོང་བ་དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་ཐོན་པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་འཕྲུལ་དགའི་ལྷ་རྣམ
206b3 སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང
206b4 རི་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང་དག་འཕྲུལ་དགའི་ལྷ་རྣམས་ཀྱི་ལོ་བརྒྱད་སྟོང་གང་ཡིན་པ་དེ་ནཱི། དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་ནག་གཅིག
206b5 གོ་ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བརྒྱད་སྟོང་ནི་དམྱལ་བ་ངུ་འབོད་ཆེན་པོའི་ཚེའི་ཚད་དོ།། དགེ་སློང་དག་ལྷག་མའི་ཆོས་གང་དག་མི
206b6 སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་སྟོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ
206b7 ཆེན་པོ་ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤི་ཏུ་དྲག་པ་དང་། རྔུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། ལྷག་མའི་ལྟུང་བ




iiif viewer powered by OpenSeadragon

206a - 207a

Texts on this page

Ty054-013 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo