e-texts navigator
Collection
Volume
Page
Wylie

206a1 བརྩིས་པའི་ལོ་བཞི་སྟོང་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ངོ་།། དགེ་སློང་དག་སྒོམ་པའི་ཆོས་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྤོང་བ་དང་། འདའ་བང།
206a2 མི་བྱེད་པ་དང་། དེ་དག་ལས་འདས་བརྩོན་པ་དང་། རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས་བདེ་འགྲོ་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི
206a3 སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་། ལྷའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང་དག
206a4 དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོ་བཞི་སྟོང་གང་ཡིན་པ་དེ་ནི། དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུལ་ཟླ་བ་གཅིག་གོ།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་།
206a5 སྟོང་ནི་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་ཚེའི་ཚད་དོ།། དགེ་སློང་དག་སྦོམ་པོའི་ཆོས་གང་དག་མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མི་སྐྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པདེ།
206a6 དག་མི་སྟོན་པ་དང་། རབ་ཏུ་མི་རྩོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་ཏུ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང
206a7 ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། སྦོམ་པོའི་ལྟུང་བ་བརྟག་པའོ།། ། དགེ་སློང་དག་འཛམ་དུ་གླིང་བའི་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་ནི། འཕྲུལ་དགའི




iiif viewer powered by OpenSeadragon

205b - 206b

Texts on this page

Ty054-013 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo