| | e-texts navigator
|
205b1 དགེ་སློང་དག་ལྟུང་བྱེད་ཀྱི་ཆོས་གང་དག་སྲུང་བ་དང་། སྦེད་པ་དང་། ཡོངས་སུ་སྐྱོང་བ་དང་། འདའ་བར་མི་བྱེད་པ་དང་། དེ་དག་ལས་འདས་པ་སྟོན་པ་དང་། རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས་བདེ
205b2 འགྲོ་མཚེ་མའི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་ལྷའི་ཚེ་དང་། ལྷོའི་ཁདོག་དང་། ལྷའི་སྟོབས་དང་། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་། ལྷའི་གཟུགས་དང་།
205b3 སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།། དགེ་སློང་དག་མཚེ་མའི་རྩ་རྣམས་ཀྱི་ལོ་ཉིས་སྟོང་གང་ཡིན་པ་དེ་ནི་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག
205b4 གོ་ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་ཉིས་སྟོང་ནི་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཚེའི་ཚད་དོ།། དགེ་སློང་དག་ལྟུང་བྱེད་ཀྱི་ཆོས་གང་དག
205b5 མི་སྲུང་བ་དང་། མི་སྦེད་པ་དང་། ཡོངས་སུ་མ་མྱོང་བ་དང་། དེ་དག་ལས་འདའ་བར་བྱེད་པ་དང་། འདས་པ་དེ་དག་མི་རྩོན་པ་དང་། རབ་ཏུ་མི་སྟོན་པ་དེ་ནི་ལུས་ནིག་ནས་ཤི་བའི་འོག་ཏུ་དམྱལ་བ་བསྡུ
205b6 འཇོམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཡང་སྡུག་བསྔལ་ཤིན་ཏུ་དྲག་པ་དང་། རྩུབ་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ།། ལྟུང་བྱེད་ཀྱི་ལྟུང་བ་བཅག་པའོ།།
205b7 དགེ་སློང་དག་འཛམ་བུ་གླིང་པའི་མི་རྣམས་ཀྱི་ལེ་བཞི་བརྒྱ་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ
iiif viewer powered by OpenSeadragon
205a - 206a