| | e-texts navigator
|
175a1 ལ་མ་བྱང་སྒྲུ་བ་རྒྱང་མ་འང་བན་མ་སནམ་ཡང་བརྫགས་པམ་པ་ང་རབ་བྱ་ན་མ་ག་ཛང་པ་ངན་པ་རྫུ་བ
175a2 བསྔལ་ཡིན་པའི་ཕྱིར་རོ།། ས་སའི་ལྕི་བོ་མྱོས་པ་ཐོས་པ་དང་མི་ལྡན་པ་དེ་དག་ནི་འགྲོ་བལྔ་པོ་འཁོར་བ་གང་དུ་ཡང་དང་ཡང་དུ་དཔྲལ་བ་རྣམས་དང་། ཡང་དང་ཡང་དུ་དུང་འགྲོ་རྣམས
175a3 དང་ཡང་དང་ཡང་དུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ་རྣམས་སུ་ཀུན་ཏུ་རྒྱུག། ཀུན་ཏུ་རབ་ཏུ་ཆུག་གོ།། དགེ་སློང་དག་དེ་ལྟ་བས་ན་ངས་དེའི་ཕྱིར་འདི་ལྟར་བསླབ་པར་བྱ་སྟེ།
175a4 སྲིད་པ་རྒྱུན་ཆད་པར་བྱ་བ་གང་ཡིན་པ་ལ་བརྩོན་པར་བྱ་ཞིང་སྲིད་པ་མངོན་པར་བསྒྲུབ་པར་མི་བྱའོ།། དགེ་སློང་དག་ཁྱེད་ཀྱིས་ད་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས
175a5 ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་དགེ་སློང་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བརྗོད་དོ།། ཚེའི་མཐའི་མདོ་རྫོགས་སོ།།
175a6 རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སེང་ཧ་དང་། ལོ་ཙ་བན་དྷེ་དགེ་བ་དཔལ་གྱིས་བསྒྱུརརྒྱགར་གྱི་མཁན་པོ་བིདྱ་ཀ་ར་སིང་ཧ་དང་ལོ་ཙྪ་བན་དྷེ་དཔལ་བརྩེགས་ཀྱིས་ཞུ་ཆེན་བགྱིས་ཏེ
175a7 གཏན་ལ་ཕབ་པ། གླེགས་དམ་དུ་མ་ལ་གཏུགས་ནས་ནུས་དག་ཅི་ནུས་བགྱིས།། རྒྱ་གར་སྐད་དུ། ཨརྱ་ཤི་ལ་ནི་ཀྵ་པ་སྤུངས།
iiif viewer powered by OpenSeadragon
174b - 175b