e-texts navigator
Collection
Volume
Page
Wylie

173b1 འོས་པར་འཚེ་རྣམས་ལ། སྡིག་པའི་ལྟ་བ་ལ་བརྟེན་ནས་བློང་ན་གང་ཞིག་སྤོང་བྱེད་པ་ཚོར་ཅན་འོང་མའི་འབྲས་བུ་ཐར་ངནི་འབྲས་བུ་ཟག་པར་བྱེད། དགེ་བར་འགྱུར་བབརྗོད།
173b2 བྱཱསྟེ། སྡིག་པ་ཅན་དག་ནི་མི་བརྗོད་དོ།། དགེ་བརྒྱས་ན་ལེགས་པར་འགྱུར། སྡིག་པ་སྨྲས་ན་ཐེག་འགྱུར་བས།། གལ་ཏེ་སྨན་དགེ་བར་སླའི་སྡིག་པའི་སྒྲས་ནཱ་རླག་པར
173b3 བྱིས་པ་རྣམས་ནི་ལྡེག་སྨྲ་སྟེ། འཕགས་པ་རྣམས་ནི་མ་ཡིན་ནོ།། འདིར་ནི་ངན་འགྲོར་འགྲོ་བ་ཡི། ལས་ནི་ཤས་ཆེར་བྱས་པས་ན། ལས་དེ་དག་གིས་མནར་མེད་པའི།། དམྱ
173b4 བདག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་ཚངས་རིག་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བྱེད་དེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི
173b5 ཚེའི་ཚད་ནི་བསྐལ་པའི་བཞི་ཆ་གསུམ་ཐུབ་སྟེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚངས་ཆེན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཅིག་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།།
173b6 དགེ་སློང་དག་འོད་རླུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཉིས་ཐུབ་སྟེ། བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བནི་ཐུབ་སྟེ།
173b7 བར་མདོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཐུབ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དགེ་ཆུང་གི་ལྷ་རྣམས




iiif viewer powered by OpenSeadragon

173a - 174a

Texts on this page

Ty054-011 - tshe'i mtha'i mdo