e-texts navigator
Collection
Volume
Page
Wylie

171a1 འགྲོ་བར་འགྱུར།། གཞན་ཐུགས་གཡོ་དང་སྒྱུ་བྱེད་མི།། སྐྱེ་བོ་དག་ནི་ཡིད་ཕྱུང་བས།། འཇིགས་སུ་རུང་བའི་སྒྲ་འཛིན་ཞིང་།། ཡུན་རིང་དུ་ནི་འབོད་སྲེག་འགྱུར།
171a2 དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པདེ། འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བབཅུ་གཉིས་ལ་ལོ་གཅིག་སྐྱེ། འབྲུ
171a3 དགའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལོ་བརྒྱད་སྟོང་ཐུབ་སྟེ། དེ་མིའི་ལྷར་བརྩིས་ན་ལོ་བྱེ་བ་ཕྲག་ཉིས་བརྒྱ་སུམ་དུ་དང་། ལོ་ས་ཡ་ཕྲག་བཞི་ཡོད་དེ། བར་མ་དོར་འཚོ
171a4 བ་ནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་དྲ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུལ་ཐ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་རྩེ། སེམས
171a5 ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུ་བརྩིས་པའི་ལོ་བརྒྱད་སྟོང་ཡོད་དེ། དེ་མོའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ས་ཡ་གསུ་དང་། བྱེ་བ་ཟག་ལྔ་འབུམ
171a6 ལྔ་ཁྲི་ཉིས་སྟོང་དྲུག་ཅུ་བརྩ་དྲུག་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚོགས་སུ་བཅང་དེ་བཀའ་སྩལ་པ། ལྟ་བའི་ཐིབས་པོས་ཁེབ་གྱུར་ཅིང་།
171a7 སྲིད་པའི་གཡོགས་པས་གཡོགས་པ་དག། སྡིག་པའི་ཆོས་ནི་སྤྱོད་པ་ཡིན།། དྲ་འབོད་དག་ཏུ་སྐྱེ་བར་འགྱུར།། ཡིད་གཅུགས་ཉམས་པའི་མི་དག་ནི།། བ་སྤུ་སློང་ཞིང་འབར




iiif viewer powered by OpenSeadragon

170b - 171b

Texts on this page

Ty054-011 - tshe'i mtha'i mdo