e-texts navigator
Collection
Volume
Page
Wylie

170a1 རྣམས་ལ་འཁུ་བྱེད་པ།། དེ་དག་ཐིག་ནག་སྐྱེ་འགྱུར་ཏེ། སྡུག་བསྔལ་ཚེ་རབ་མྱོང་བར་འགྱུར།། གང་ཞིག་མི་བརྩོན་འཇོག་པ་དང་།། མི་རྣམས་མཛའ་བའི
170a2 དབྱེན་བྱེད་པ།། ཐིག་ནག་ཏུ་ནི་སྐྱེ་བར་འགྱུར།། བརྫུན་དུ་སྦ་བའང་དེ་བཞིན་ཏེ། ལས་དེ་ཡིས་ནི་ཐིག་ནག་གི། དམྱལ་བ་རྣམས་སུ་དེ་དག་སྐྱེ། དགེ་སློང་དག་མི་རྣམས་ཀྱི་ལོ
170a3 ཉིས་བརྒྱ་གང་ཡིན་པ་དེ་འཐབ་བྲལ་བའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཐབ་བྲལ་བའི་ལྷ་རྣམས
170a4 ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལྷའི་ཉིས་སྟོང་ཐུབ་བོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་། ལོ་ཁྲི་བཞི་སྟོང་ཡོད་དེ་། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནི་སེམས
170a5 ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ
170a6 གྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུར་བརྩིས་པའི་ལེ་ཉོས་སྟོང་ཡོད་དེ། དེ་མིའི་ལྷར་བརྩིས་ན་ལོ་བྱེ་བ་ཕྲག་སུམ་འབུམ་དྲུག་ཟི་བརྒྱད་སྟོང་རྩ་གཅིག་ཡོད་དེ
170a7 བར་མདོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་དགེའི་ལས་རྣམས་གསུམ་བྱས་ཤིང་།། ལས་དགེ་རྣམ་གསུམ་མ




iiif viewer powered by OpenSeadragon

169b - 170b

Texts on this page

Ty054-011 - tshe'i mtha'i mdo