| | e-texts navigator
|
169b1 ལུས་ཀྱི་ཉེས་པར་སྦྱད་བྱས་ཤིང་།། ངག་གིས་ཅེས་པར་སྤྱད་པ་དང་།། ཡིད་ཀྱིས་ཉེས་པར་སྤྱད་བྱས་ཤིང་།། གང་ཞིག་ཉེས་པ་གཞན་ལྡན་པའི།། ལས་དེ་དག་གིས་ཡང་སོ།
169b2 དམྱལ་བ་དག་ཏུ་སྐྱེ་འགྱུར་ཏེ།། དེ་ནི་བྱེ་བ་ཕྲག་ཟོང་དུ།། བཏགས་ཤིང་བཅོམ་པ་ཡང་འཚོའོ།། ཕན་ཚུན་འོན་དང་ཆགས་པ་པི།། མི་རྣམས་གསོད་པའི་མི་དག་ནི།། ལས་དེ་དག་གི།
169b3 ཡང་སོས་ཀྱི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ
169b4 ནུ་ལ་ཟླ་བ་གཅིག་གོ།། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུ་ར་བརྩིས་པའི་ལྷའི་ལོ་སྟོང་ཐུབ་བོ།། དེ་མིའི་ལྷར་བརྩིས་ན་ལོ་བྱེ་བ
169b5 ཕྲག་གསུམ་དང་། ས་ཡ་ཕྲག་དྲུག་ཡོད་དེ། བར་མདོར་འཆི་བནི་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་གོ།། ཉིན་ནག་དེ་སུམ་ཅུལ་ཟླ་བག་ཅི།
169b6 ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི་ཚད་ནི། ལོ་དེ་ལྟ་བུར་བརྩིས་པའི་ལོ་སྟོང་ཐུབ་བོ།། དེ་མིའི་ལྷར་བརྩིས་ན་ལོ་བྱེ་བ་ཟག་དགུ་ཁྲི་དྲུག་སྟོང
169b7 རྩ་གཉིས་ཡོད་དེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚོགས་སུ་བཅད་དེ་བཀའ་སྩལ་བ། ཕ་མ་དགྲ་དང་སངས་རྒྱས་དང་། ཉན་ཐོས
iiif viewer powered by OpenSeadragon
169a - 170a