e-texts navigator
Collection
Volume
Page
Wylie

169a1 ལོག་ནས་མ་ཟོས་པ་དང་། ར་རོ་སྟེ་མ་ཟོས་པ་དང་། རབ་ཏུ་མྱོས་པས་མ་ཐོས་པ་སྟེ། ཟོས་པ་གང་ཡིན་པ་དང་། མ་ཟོས་པ་གང་ཡིན་པ་དེ་དག་གཅིག་ཏུ
169a2 བསྡོམས་ན་མའི་ཆུ་ནོ་འཐུང་བ་མ་གཏོགས་པར་བདུན་བྲི་ཉིས་སྟོང་དུ་འགྱུར་རོ།། དགེ་སློང་དག་དེ་ལྟར་ངས་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེའང་བཤད། དུས་ཚིགས་དང
169a3 ཟླ་བ་དང་ཟླ་བ་ཕྱེད་དང་། ཉིན་ཞག་དང་། ཟན་དང་། ཟན་པར་ཆད་དུ་གྱུར་པའང་བཤད་པ་ཡིན་ནོ།། དགེ་སློང་དག་མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི། རྒྱལ
169a4 ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉི་མ་ནག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། རྒྱལ་ཆེན་བ་ནོའི་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེཿ
169a5 བུ་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། དེ་མའི་ལྷར་བརྩིས་ན་ལོ་ས་ཡ་ཕྲག་དགུ་ཡོད་དེ། བར་མདོར་འཆི་བ་ནི་ཡོད་དོ།། དེ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག
169a6 གོ། ཉིན་ནག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་སེམས་ཅན་དམྱལ་བ་རྣམས་ཀྱི་ཚེའི་ཚད་ནི་ལོ་དེ་ལྟ་བུ་རབ་རྩིས
169a7 པའི་ལོ་ལྔ་བརྒྱ་སྟེ། དེའི་མོའི་ལྷར་བརྩིས་ན་ལོ་བྱེ་བ་ཕྲག་དྲུག་ཁྲི་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚོགས་སུ་བཅད་དེ་བཀའ་སྩལ་པ།




iiif viewer powered by OpenSeadragon

168b - 169b

Texts on this page

Ty054-011 - tshe'i mtha'i mdo