e-texts navigator
Collection
Volume
Page
Wylie

168a1 ཡིན་དཔལ་ནི་རྒྱས་པར་སྤྱད་ནས་སུ།། མི་ཡི་ལུས་ནི་བོར་ནས་ཀྱང་།། ལྷ་ཡི་ནང་དུ་སྐྱེ་བར་འགྱུར།། དེ་ནི་སྔོན་སྦྱིན་འབྲས་བུ་ཡིན།། དགེ་སློང་དག་འཛམ
168a2 བུ་གླིང་གི་མི་རྣམས་ལ་ནི་ཡང་འཕེལ་བ་དང་། མར་འགྲིབ་པ་ཡོད་དེ། དགེ་སློང་དག་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པར་ཡང་འགྱུར།། ཚེ་ལོ་བརྒྱད་ཁྲི་པ་དང་། ཚེ་ལོ་བརྒྱ་པ་དང་།
168a3 ཚེ་ལོ་བཅུ་པར་འགྱུར་རོ།། དགེ་སློང་དག་འཛམ་བུ་གླིང་གི་མི་རྣམས་ཀྱི་ད་ལྟར་གྱི་ཚེའི་ཚད་ནི་ལོ་བརྒྱ་པ་ཡིན་ནོ།། དགེ་སློང་དག་ད་ལྟར་ནི་འཛམ་བུ་གླིང་གི་མི་རྣམས་ལས་རིང་དུ་འཚོ་བ་གང་ཡིན་པས
168a4 ལེགས་པར་བདེ་བར་གནས་ནས་ལོ་བརྒྱ་པའམ། ལོ་བརྒྱ་ལས་ཅུང་ཟད་ཅིག་ལྷག་པར་ཐོབ་བོ།། དགེ་སློང་དག་འཚོ་བའི་གནས་སྐབས་ནི་བཅུ་མྱོང་བར་འགྱུར་ཏེ། གནས་སྐབས་དང་པོ་ནི་ཞན
168a5 ཅི་གན་ཀྱལ་དུ་ཉལ་བ་སྟེ་བྱིན་པ་ཡིན་ནོ།། གནས་སྐབས་གཉིས་པ་ནི་རྩེ་བའི་རང་བཞིན་ཅན་གཞོན་ནུ་ཡིན་ནོ།། གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་རྩེ་ལང་ཚོལ་བབ་པ་ཡིན་ནོ།།
168a6 གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང་ལྡན་པ་ཡིན་ནོ།། གནས་སྐབས་ལྔ་པ་ནི་སྟོབས་དང་ལྡན་ཞིང་ཤེས་རབས་དང་ལྡན་པ་ཡིན་ནོ།། གནས་སྐབས་དྲུག་པ་ནི་དཔྱོད
168a7 པའི་རང་བཞིན་ཅན་ཏེ་དྲན་པ་དང་ལྡན་པ་ཡིན་ནོ།། གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན་ནོ།། གནས་སྐབས་བརྒྱད་པ་ནི་རྒྱལ་པོས་བཀུར་ཞིང་རྒན་རབས་སུ་བཀུར་བ་ཡིན།




iiif viewer powered by OpenSeadragon

167b - 168b

Texts on this page

Ty054-011 - tshe'i mtha'i mdo