e-texts navigator
Collection
Volume
Page
Wylie

167a1 བར་བྱོས།། གང་དག་བཅིག་འཇིག་རྟེན་མ།། བདེ་ལྡན་སྔོན་བྱིན་འབྲས་བུའིམ། བྱང་ཚོགས་མིང་གི་མི་རྣམས་མི།། བདགགི་མེད་ཅིང་ཡོངས་འཛིན་མེད། དཱཔ་ལས།
167a2 པས་བྱུང་གོས་སྟེན་པ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་གྲང་དང་ཚ་བ་མེད།། དེ་དག་ལ་ནི་ནང་མེད་ཅིང་།། གཟུགས་དཔབ་དོག་ཕུན་སུམ་ཚོགས།། དོན་སྔོན་ཟིན་འབྲས་བུ་ཡིན།
167a3 ཕྱོགས་གླིང་ན་མ་ཉམས་ཤིང་།། མགྲུབས་དག་ཅིང་གཙང་བ་དང་།། ཤིན་ཏུ་དཀའ་བའི་སཱ་ལུ་ཀྱེ།། དེ་ནི་སྣརོན་བྱིན་འབྲས་བུ་ཡིན།། ནོར་བུ་འོད་བྱེད་འབ་བ་ཡིས།། དེ་རྣམས་རྟག་ཏུ་མཛེས་པ་དང
167a4 དེ་དག་གི་ཟས་འཇུ་བྱེད་གང་།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་ལ་ནི་ཚེད་མ་དང་།། སྲན་ཚེད་ཀྱང་ནི་ཅུང་ཟད་མེད།། ཁ་དོག་དང་རོར་ལྡན་པ་ཡི།། སཱ་ལུ་དག་ནི་རྟག་ཏུ་ཟ།། ཟས
167a5 ནི་ལན་ཅིག་བྱིན་པ་ཡིས།། སྟན་ལས་མ་ལངས་པར་དུ་ནི།། ཟད་མི་ཤེས་པར་སྡེར་ལ་ཡོད།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། ཀུ་བའི་འབྲས་བུ་འདྲ་བ་དང་།། བཅད་ཀྱང་ཡལ་ག་ལས
167a6 སྐྱེས་ཏེ།། བརྔས་ན་བཅོ་མི་དགོས་པར་ཟ།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་འབབ་ཆུ་བསིལ་བ་དང་།། འཐུངས་ཀྱང་ལྷོ་ལ་མི་གནོད་པའི།། ཡན་ལག་བརྒྱད་ལྡན་ཚུལ་ལོང།
167a7 དེ་ནི་སྔོན་བྱིན་འབྲས་བུ་ཡིན།། རོལ་མོའི་ལྗོན་ཤིང་གང་དག་གིས།། དེ་དག་རྟག་ཏུ་རྩེ་ཞིང་དགའ།། ཡིད་ནི་རྟག་ཏུ་བདེ་དང་ལྡན།། དེ་ནི་སྔོན་བྱིན་འབྲས་བུ་ཡིན།། དེ་དག་རོལ་མོ




iiif viewer powered by OpenSeadragon

166b - 167b

Texts on this page

Ty054-011 - tshe'i mtha'i mdo