e-texts navigator
Collection
Volume
Page
Wylie

166a1 ཐོས་ནས་དགེ་སློང་དག་འཛིན་པར་བགྱིད་ལགས་སོ།། དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ།། དགེ་སློང་དག་དམྱལ་བ་རྣམས་ཀྱི
166a2 ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་སློང་དག་དུད་འགྲོ་རྣམས་ཀྱི་ཚེའི་ཚད་ནི་རིང་ན་བསྐལ་པ་གཅིག་སྟེ། བར་མ་དེར་འཆི་བ་ནི་ཡོད་དོ།། དགེ་སློང
166a3 དག་མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོག་གཅིག་སྟེ། ཡི་དགས་རྣམས་ཀྱི་ཚེའི།།
166a4 ཚད་ནི་ལོ་དེ་ལྟ་བུ་བརྩིས་པའི་ལོ་ལྔ་བརྒྱ་སྟེ། དེའི་མིའི་བརྩིས་ན་ལེ་ཁྲི་ལྔ་སྟོང་ཡོད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ།
166a5 ཇི་ལྟར་རབ་ཏུ་ཆེ་བའི་ལུས་འགྲེང་ཞིང་།། མཆུ་དང་མིག་བསྐམས་ཤིན་ཏུ་སྡུག་བསྔལ་བ།། རང་གི་སྒྲས་ཡོག་ལ་གདངས་གནམ་དུ་ལྷ།། སྣ་ནི་ཁ་བལྟར་རབ་ཏུ་ཕྲ་བ་དང་།། རུས་གོང་འདྲ
166a6 ལུས་གཅེར་བུ་རང་སྒྲས་གཡོག། གཟུགས་མི་སྡུག་པ་འགྲེང་ཞིང་ཐོད་པ་ཐོགས།། བཀྲེས་དང་སྐོམ་དང་ངལ་བས་རབ་གཟིར་གང་།། ཆོ་ངེས་འདེབས་ཤིང་ཀུན་ཏུ་རྒྱུག་པ་དག། ཉམ
166a7 ཟག་སྐད་འབྱིན་སྡུག་བསྔལ་ཚོར་བ་མྱོང་།། ཕན་ཚུན་ཕྲག་དོག་སེར་སྣ་འདིར་བསྟེན་ཅིང་།། འདིར་ནི་སྡིག་པའི་ལས་དག་བྱས་པ་ཡིན།། ཡི་དགས་འཇིག་རྟེན་དུ་ནི་དེ་དག་སྐྱེས།




iiif viewer powered by OpenSeadragon

165b - 166b

Texts on this page

Ty054-011 - tshe'i mtha'i mdo