| | e-texts navigator
|
133a1 བའི་སྐྱེ་བོས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར་རོ།། ཐ་ན་མེ་ཏོག་སྙིམ་པ་གང་ཙམ་མམ། མར་མེ་གཅིག་ཙམ་བུལ་བའམ། གཞན།
133a2 བསོད་ནམས་བྱེད་པ་རྣམས་ལ་རྗེས་སུ་ཡི་རང་བ་དང་། ལྷ་འམ་མི་རྣམས་ཀྱི་དགེ་བ་འདི་རྣམས་བྱེད་པ་ནི། དེའི་དུས་སུ་བྱོན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར།
133a3 རོ་དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འདོད་པ་རྣམས་ཀྱིས་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། གསོ་སྦྱོང་གི་ལས་བྱེད་པ་དང་། རྣམ
133a4 པར་བྱེད་པ་དང་། དགེ་བའི་ལས་ཀྱིས་བཀྲ་ཡོད་པར་གྱུར་ན་གདོན་མི་ཟ་བར་མཐོང་ངོ་།། གང་ཞིག་ཚངས་པ་སྤྱད་པ་སྤྱོད།། ཐུབ་པའི་གསུང་རབ་ཐོས་པ་དང་། དེ་རྣམས་འཁོར་བ
133a5 ལས་གྲོལ་ཞིང་།། བླ་མེད་མཆོག་གྱུར་འཆི་བ་མེད།། ཚངས་པར་སྤྱད་པ་སྤྱོད་བྱེད་ཅིང་།། མཆོད་འོས་རྣམས་ལ་སྐྱེར་བ་དང་།། གསོ་སྦྱོང་རྣམས་ལ་གནས་པ་དང་།། ལེགས
133a6 པར་བྱམས་པ་སྒོམ་པར་གྱིས།། བཀྲ་ཡོད་པར་ནི་འགྱུར་བ་དང་།། རྟག་ཏུ་བསོད་ནམས་བྱ་བ་བྱེད།། དགེ་བ་འདི་རྣམས་བྱས་པ་ཡིས།། སྡུག་བསྔལ་མཐར་ནི་བྱེད་པའོ།།
133a7 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བྱམས་པའི་མདོ་རྫོགས
iiif viewer powered by OpenSeadragon
132b - 133b