e-texts navigator
Collection
Volume
Page
Wylie

385b1 གང་དག་རྗེས་སུ་ཡི་རང་དང་།། གང་དག་མཆོད་པར་བྱེད་པ་རྣམས།། དེ་དག་ལྷ་དང་ཀླུ་དག་དང་།། མི་དང་མི་འམ་ཅི་དག་དང་།། ལྷ་མིན་གནོད་སྦྱིན་དུ་མ་ཡིས།། བསྐལ་པ་བྱེ།།
385b2 བར་མཆོད་པར་འགྱུར།། སྲོག་ཆགས་བསོད་ནམས་བྱེད་པ་རྣམས།། དེ་དག་བསོད་ནམས་ཕུང་པོ་ནི།། མཐའ་ཡས་གྲངས་ཀྱང་མེད་པ་དང་།། བསམ་གྱིས་མི་ཁྱབ་སྐྱེ་བར
385b3 འགྱུར།། ཕྱོགས་བཅུར་རྫོགས་པའི་སངས་རྒྱས་དང་།། དེ་བཞིན་ཟབ་མོར་སྤྱད་པ་ཡི།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་།། རབ་ཏུ་གཟུང་བ་འགྱུར་བ་ཡིན།། གཙང་མའི
385b4 གོས་རྣམས་རབ་བགོས་ལ།། དྲི་ཞིམ་པ་ཡི་གོས་འཆང་ཞིང་།། བྱམས་པའི་སེམས་ནི་ཉེར་བཞག་ནས།། གཡེལ་བ་མེད་པར་མཆོད་པར་བྱ།། རང་གི་སེམས་ནི་དྲི་མེད་ཅིང་།། རྒྱ་ཆེ་བར་ཡང
385b5 རབ་བྱེད་ལ།། སེམས་ཀྱང་ཤིན་ཏུ་དང་བྱེད་ཀྱིས།། མདོ་སྡེ་དམ་པ་མཉན་པར་གྱིས།། གང་དག་མདོ་འདི་ཉན་པ་ནི།། དེ་དག་མི་ནང་ལེགས་པར་འོངས།། མི་ཡི་སྲིད་པ་ལེགས་པར
385b6 ཐོབ།། འཚོ་བ་བདེ་བས་འཚོ་བར་འགྱུར།། གང་གི་རྣ་བའི་བུ་གར་ལེང་།། བཤད་པ་འདི་ནི་གྲགས་འགྱུར་བ།། དེ་དག་དགེ་རྩཝ་སྦྱངས་པ་སྟེ།། སངས་རྒྱས་མང་པོས་རབ་ཏུ་བསྔགས།
385b7 གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། གླེང་གཞིའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། ། ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། བྱང་ཆུབ




iiif viewer powered by OpenSeadragon

385a - 386a

Texts on this page

Ty053-007 - 'phags pa gser 'od dam pa mdo sde'i dbang po'i rgyal po zhes bya ba theg pa chen po'i mdo