| | e-texts navigator
|
385a1 རྒྷ་ཀཱར་བྱུད་སྟེམས་དག། མི་བཟད་གདོན་གྱིས་ཉན་པ་དང་།། མྱ་ངན་དལ་ལས་བྱུང་བ་ཡིས།། རྨི་ལམ་སྡིག་པ་མཐོང་ན་ཡང་།། དེས་ནི་རབ་བཀྲུས
385a2 གཙང་མ་ཡིས།། མདོ་སྡེ་དམ་པ་མཉན་པར་བྱ།། གང་དག་ཡིད་དགེ་སེམས་དང་ཞིང་།། གོས་གཙང་རྣམས་ཀྱིས་རབ་བརྒྱན་ཏེ།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། མདོ
385a3 ཉན་པར་བྱེད་ན་ནི།། མདོ་སྡེ་འོད་ཡི་གཟི་བརྗིད་ཀྱིས།། སྲོག་ཆགས་ཀུན་གྱི་གནོད་པ་དག། ཤིན་ཏུ་མི་བཟད་འདི་དང་འདྲ།། དེ་དག་རྟག་ཏུ་ཞི་བར་གྱུར།། འཇིག་རྟེམ་སྐྱོང་བ་བདག་ཉིད་དང་།།
385a4 བློན་པོ་ཚོགས་ཀྱི་དབང་ཕྱུག་བཅས།། གནོད་སྦྱིན་བྱེ་བ་དུ་མ་ཡིས།། དེ་དག་ལ་ནི་སྲུང་བར་བྱེད།། ལྷ་མོ་ཆེན་པོ་དབྱངས་ཅན་དང་།། ནར་འཛའ་ནར་གནས་པ་དང་།། འབྱུང་པོ་མ་མོ
385a5 འབྲོག་མ་དང་།། སཽ་ཡི་ལྷ་མོ་བརྟན་མ་དང་།། ཚངས་པའི་དབང་དང་ལྷ་དབང་དང་།། ཀླུ་དབང་མཐུ་ཆེན་རྣམས་དང་མི།། མི་འམ་ཅི་དབང་ལྷ་མིན་དབང་།། དེ་བཞིནི་ནམ་མཁའ།
385a6 ལྡིང་དབང་རྣམས།། སྡེ་དང་སྟོབས་དང་ཞོན་པ་དང་།། བཅས་ཏེ་དེ་དག་དེར་ལྷགས་ནས།། ཉིན་དང་མཚན་མོ་མི་གཡེལ་བར།། དེ་དག་ལ་ནི་སྲུང་བར་བྱེད།། ཟབ་མོ་སངས་རྒྱས་སྤྱོད།
385a7 ཡུལ་བ།། སངས་རྒྱས་ཀུན་གྱི་གསང་བ་སྟེ།། བསྐལ་པ་བྱེ་བར་རྙེད་དཀའ་བ།། མདོ་འདི་རབ་ཏུ་བཤད་པར་བྱ།། ག་དག་འདོ་འདི་ཉན་པ་དང་།། གང་དག་གཞན་ལ་ཐོས་བྱེད་དང་།
iiif viewer powered by OpenSeadragon
384b - 385b