| | e-texts navigator
|
384b1 ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བྱ་རྒོད་ཕུང་པོའི་ཆོས་ཀྱི་དབྱིངས།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་ན།། དེ་བཞིན་གཤེགས་པ་བཞུགས་ནས་ནི།། དག
384b2 ཅིང་རྡུལ་རྣམས་མེད་པ་ཡི།། བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ།། མདོ་སྡེའི་དབང་པོའི་རྒྱལ་པོ་སྟེ།། མདོར་ན་ཤིན་ཏུ་ཟབ་པ་དང་། ཡོངས་སུ་བརྟགས་ན་ཟབ་པ་ཉིད།། གསེར་འོད
384b3 དམ་པ་འདི་འཆད་དོ།། ཕྱིར་བཞིར་སངས་རྒྱས་རྣམས་ཀྱིས་ནི།། བྱིན་གྱི་རླབས་ཀྱིས་བྱིན་བརླབས་པ།། མི་འཁྲུགས་པས་ནི་ཤར་ཕྱོགས་སུ།། རིན་ཆེན་ཏོག་གིས་ལྷོ་ཕྱོགས་སུ།།
384b4 འོད་དཔག་མེད་ཀྱིས་ནུབ་ཕྱོགས་སུ།། རྔ་སྒྲ་ཡིས་ནི་བྱང་ཕྱོགས་སུ།། སྡིག་པ་ཐམས་ཅད་གཞིག་པའི་ཕྱིར།། བཤད་པ་དམ་པ་བཀྲི་ཤིས་པ།། སྡིག་པའི་ལས་རྣམས་ཟད་བྱེད་པ།། བདེ
384b5 བ་ཐམས་ཅད་སྦྱིན་བྱིན་པོ།། སྡུག་བསྔལ་ཐམས་ཅད་འཇིག་བྱེད་པ།། ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞི།། དཔལ་ཀུན་གྱིས་ནི་ལེགས་བརྒྱན་པ།། བྱིན་གྱིས་བརླབས་ཏེ་བརྗོད་པར
384b6 བྱ།། སེམས་ཅན་གང་དག་དབང་པོ་ཉམས།། ཚེ་ཟད་པ་དང་ཚེ་ཉམས་དང་།། ཕུན་སུམ་ཚོགས་མིན་གང་ཆགས་དང་།། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་།། མཛའ་སྡུག་སྐྱེ་བོ་སྡང་བ་དང་།
384b7 བྲམ་ཟེ་ལ་སོགས་གཙེས་པ་དང་།། ཕན་ཚུན་འཐུན་པ་མ་ཡིན་དང་།། ནོར་འགྲིབ་པ་གནོད་པ་དང་།། མྱ་ངན་ངལ་དང་གནོད་པ་དང་།། འཇིགས་པ་དང་ནི་འཕོངས་པ་དང་།། གཟའ་དང
iiif viewer powered by OpenSeadragon
384a - 385a