e-texts navigator
Collection
Volume
Page
Wylie

384a1 སྐད་ཅེས་གསོལ་ཏོ།། གོའུ་ཏ་མ་ཁྱོད་མཉན་དུ་ཡོད་པར་དགེ་བསྙེན་གྱི་ཁྱིམ་དག་ཏུ་གཤེགས་པར་དགོངས་པ་ལྟ་ན། དེ་ལྟར་ཏོའུ་ཏེ་ཡའི་ཁྱིམ་དུའང་གཤེགས་པར་དགོངས།།
384a2 སུ་གསོལ་། དེས་ནི་ཏོའུ་ཏྲེ་ཡའི་ཁྱིམ་དུ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ཏེའུ་ཏེ་ལའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་གནང་བ
384a3 མཛད་དོ།། དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ།
384a4 རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གནང་བས་སོང་ངོ་།། ལས་རྣམ་པར་འབྱེད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ
384a5 ནི་ཝཱརྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ།
384a6 ཨཱརྱ་སུ་བརྞ་པྲ་བྷ་སད་ཏ་མ་སཱུ་ཏྲེ་ན་དྲ་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། བམ
384a7 པོ་དང་ངོ་།། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ




iiif viewer powered by OpenSeadragon

383b - 384b

Texts on this page

Ty053-006 - las rnam par 'byed pa
Ty053-007 - 'phags pa gser 'od dam pa mdo sde'i dbang po'i rgyal po zhes bya ba theg pa chen po'i mdo