e-texts navigator
Collection
Volume
Page
Wylie

324a1 ཚེ་དང་ལྡན་པ་ཀུན་དགའ་བོ་ངུ་ཞིང་འདི་སྐད་ཅེས་སྦས་སོ།། བདག་གིས་ཉམ་བའི་གནས་སྐབས་འདི་ཐོབ་ན་ད་ལྟར་བཅོམ་ལྡན་འདས་བདག་ལ་མི་དགོངས་སོ།། དེ་ནས
324a2 བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དགོངས་པར་མཛད་དོ།། དགོངས་མ་ཐག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྔགས་ཀྱིས་གདོལ་པའི་སྔགས་ཉམས་པར་མཛད་དོ།།
324a3 དེའི་སྔགས་ནི་འདི་ཡིན་ཏེ། སྠི་ཏི་ར་ཙུ་ཏཱི་ར་ཎི་སྱ་ཏི་སརྦ་པྲཱ་ཎི་བྷྱ། ས་ར་པྲ་ས~ཾ་ན་ནིཛྲ་ཤ་ཏཾ་སརྦ་ཏོ་པཱ་ཡཾ་ཨི་ཏ་ཡོ་ཡ་ཏྲ་ཤཱ་ཤྱནྟ་བྷ་ཡཱ་ནི་ཙ་ལི་ཏཱ་ནི་ལ་ཙ་ལི་ཏཱ་བེ་དེ་བ་ན་མ་ཤྱཾ་ཏི་སརྦ་སིདྡྷ་ཙ་ཡོ་ག་ནི་ཨ་ཏེ་ནས
324a4 ཏྱ་བྱཱ་ཀྱེ་ན་སྭ་སྱཱ་ཨ་ནན་ཏཱ་ཡ་བ་ཀྵ་བེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གདོལ་པའི་རིག་སྔགས་བཀྲོལ་ནས། གདོལ་པའི་ཁྱིམ་ནས་བྱུང་ནས་རང་གི་གཙུག་ལག་ཁང་གང་ན་བ་དེར་འགྲོ་བར་བརྩམས་སོ།།
324a5 གདོལ་པའི་བུ་མོ་གཟུགས་བཟང་མོས་མཐོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བལྟས་ནས་རང་གི་མ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཡུམ་དགེ་སློང་ཀུན་དགའ་བོ་འདི་མཆི་ཞིང་གདའ་འོ།། དེའི་མས།
324a6 སྤྲས་པ། བུ་ངེས་པར་དགེ་སྦྱོང་གོའུ་ཏ་མ་དྲན་པར་བྱས་པས། དེས་ན་བདག་གི་སྔགས་ཉམས་པར་གྱུར་ཏོ།། གཟུགས་བཟང་མོས་སྨྲས་པ། ཡང་ཅི་ཡུམ་དགེ་སྦྱོང་གོའུ་ཏམས་སྔགས་ཁྱད་པར
324a7 དུ་སྟོབས་དང་ལྡན་པ་བདག་ཅིག་གི་དེ་ལྟ་མ་ཡིན་ནམ། དེ་ལམས་སྔར་སྤྲས་པ། བུ་དགེ་སྦྱོང་གོའུ་ཏ་མའི་སྔགས་ཀྱང་པར་དུ་སྟོབས་དང་ལྡན་པ་ཡིན་གྱི། བདག་ཅག་གི་དེ་ལྟ་མ་ཡིན་ནོ།། བུ་འཇིག




iiif viewer powered by OpenSeadragon

323b - 324b

Texts on this page

Ty048-005 - stag rna'i rtogs pa brjod pa