e-texts navigator
Collection
Volume
Page
Wylie

260b1 ལོ་ཙ་བ་བནྡེ་རིན་ཆེན་འཆོས་བསྒྱུར་ཅིང་ཞུས།། འཕགས་པ་ཚུལ་ཁྲིམས་ཉམས་པའི་རྣམ་པར་སྨིན་པ་ལྕི་ཡང་བསྟན་པའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས
260b2 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱཱ་ཀ་ལན་ཏ་ཀའི་གནས་འོད་མའི་ཚུལ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ
260b3 མོའུ་འགལ་གྱི་བུ་ཆེན་པོ་ཕྱི་དྲོ་ནང་དུ་ཡང་དག་འཛེག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་ཚེ་དང་ལྡན་པ་མོའུ
260b4 འགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐེ་ཙོམ་མཆོས་ཏེ། དེང་ཞུ་བར་འཚལ་ན་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ
260b5 ཁྱོད་ཀྱིས་ཅི་དང་ཅི་འདོད་པ་དྲིས་ཤིག། ཁྱོད་ལ་བཤད་པར་བྱའོ་ཞེས་བཀའ་སྩལ་པ་དང་། མོའུ་འགལ་གྱི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་དགེ
260b6 སློང་ངམ། དགེ་སློང་མ་དག་ངོ་ཚ་དང་ཁྲེལ་མ་མཆིས་པས་སེམས་ཀྱིས་སངས་རྒྱས་ཀྱི་བཀའ་ཁྱད་དུ་གསོད་པས་བསླབ་པ་མང་པོའི་སྡོམ་པ་དང་། དེ་བཞིན་དུ་སོ་སོར་བཤགས་པར་བྱ་བ་དང
260b7 ལྟུང་བྱེད་འབའ་ཞིག་པ་དང་། སྦོམ་པོ་དང་། དགེ་འདུན་ལྷག་མ་དང་། ཕས་ཕམ་པ་རྣམས་ལས་ཉམས་ན་མི་བདེ་བ་ཇི་སྙེད་ཅིག་མྱོང་བར་འགྱུར་བ་བསྟན་དུ་གསོལ་ཞེས་བྱས་པ་དང་། བཅོམ




iiif viewer powered by OpenSeadragon

260a - 261a

Texts on this page

Ty046-011 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo
Ty046-012 - 'phags pa tshul khrims nyams pa'i rnam par smin pa lci yang bstan pa'i mdo