| | e-texts navigator
|
259b1 སྒྲ་གང་དག་གིས་རིག་འགྱུར་བའི།། ཐུབ་པས་བདག་ནི་ལུང་བསྟན་པ།། ཇི་ལྟ་བུར་ནི་སྒྲ་གསུངས་པ།། དེ་ལྟར་བདག་ནི་ལུང་བསྟན་ཏོ།། གང་གིས་བདག་གིས་ལུང་བསྟན་པའི།། སེམས་ནི་སངས་རྒྱས།
259b2 མི་མངའ་སྟེ། དག་ལའང་ཡང་དག་བྱང་ཆུབ་ཏུ།། ལུང་བསྟན་རྣམ་ཤེས་མ་མཆིས་སོ།། ཇི་ལྟར་སངས་རྒྱས་བདག་དེ་བཞིན།། བདག་ལྟར་བདེ་གཤེགས་དེ་བཞིན་ཏེ།། སེམས་ཅན་ཀུན་ཀྱང་དེ་དང
259b3 འདྲ་འདེ་བས་ཁྱོད་ཀྱིས་བདག་ལུང་བསྟན།། ལུང་བསྟན་འདི་ནི་ཡང་དག་པ།། དེ་བཞིན་ཉིད་དང་ལྡན་པ་སྟེ།། ཡང་དག་མཐའ་ལ་གནས་པས་ན།། ཆོས་ཀྱི་དབྱིངས་ལ་ཐ་དད་མེད།། ཆོས་ཀྱི་དབྱིང
259b4 ལས་ཡང་དག་བྱུང་།། ནམ་མཁའི་ལྟ་བུར་ཡེ་ཤེས་ཟབ།། ཐབས་ལ་མཁས་ཤིང་ལེགས་སྦྱངས་པ།། བཅོམ་ལྡན་ཁྱོད་ལ་བདག་ཕྱག་འཚལ།། དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་རྒྱལ་བ
259b5 བློ་གྲོས་ཀྱིས་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུ
259b6 བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཚེ་དང་ལྡན་པ་ཤཱ་རིའི་བུ་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་དང་ཆོས་སྟོན་པ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ
259b7 ལས། གང་ཁོ་ངོས་ཕྱོགས་ཙམ་ཞིག་མངོན་སུམ་དུ་གྱུར་པ་ནི་དེ་ལྟ་བུ་དག་ཡིན་ནོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཚེ
iiif viewer powered by OpenSeadragon
259a - 260a