e-texts navigator
Collection
Volume
Page
Wylie

258a1 ཐམས་ཅད་དུ་ཡང་དམ་པའི་ཆོས་ཡོངས་སུ་བཟུང་ངོ་།། ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་ཁྲོ་གྲོས་འདྲིད་བྱིན་ཆད་ཀྱང་དེ་བཞིན་གཤེགས་པ་བཟུང་བ་ལས་འདས
258a2 རྣམས་མཉེས་པར་བྱེད་པར་འགྱུར། གུས་པར་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། ཕུད་དུད་དུ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར།། ཚངས་པར་སྤྱད་པ་ལ་ཡང་སྤྱོད་པར་འགྱུར།
258a3 སེམས་ཅན་ཚད་མེད་གྲངས་མེད་པ་དག་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ།། དེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསགས་ནས། བསྐལ་བ་གྲངས་མེད་པ་ན། བསྐུལ།
258a4 པ་རིན་པོ་ཆེ་གཅིག་བཀོད་པ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་བལྟ་ན་སྡུག་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཕུང་པོ་ཞེས་བྱ་བ་རིག
258a5 པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང
258a6 བར་འགྱུར་རོ།། ཀུན་དགའ་བོ་འཇིག་རྟེན་གྱི་འམས་བལྟ་ན་སྡུག་པ་དེ་ལོངས་སྤྱོད་ནི་ལྷག་ཞན་འཕྲུལ་དབང་བྱེད་དང་འདྲ་བར་འགྱུར་རོ།། སེམས་ཅན་དེ་དག་གི་མདུན་དུ་ཡུལ་དྲུག་ལས་ཡིད་དུ་མི་འོང་བའི་ཆོས་གང
258a7 ཡང་འབྱུང་བར་མི་འགྱུར་རོ།། སེམས་ཅན་དེ་དག་ཐམས་ཅད་གཅིག་གིས་གཅིག་མཐོང་ན་དགའ་བ་དང་ཡིང་འདེ་བ་སྐྱེ་བར་འགྱུར་རོ།། སེམས་ཅན་དེ་དག་ཐམས་ཅད་རྨི་ལམ་དུ་ཡང་དེ་བཞིན་གཤེགས




iiif viewer powered by OpenSeadragon

257b - 258b

Texts on this page

Ty046-011 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo