| | e-texts navigator
|
257b1 ཐུབ་པའི་འོད་ཀྱིས་རེག་པའི་ངན་སོང་མ་ལུས་ཞི་ཞིང་བདེ་དང་ལྡན།། གལ་ཏེ་འོད་ཟེར་པུས་མོར་ལྷུང་ན་དགྲ་བཅོམ་ཁྱོད་ལུང་བསྟན།། འོད་ཟེར་ཁྱོད་ཀྱི་དཔུང་པར་ནུབ་ན་རང་སངས་རྒྱས་སུ་བསན།
257b2 དེང་ནི་ཕན་མཛད་ཐུབ་ཁྱོད་གཙུག་ཏུ་དྲི་མེད་འོད་ནུབ་ཀྱིས།། ཀུན་མཁྱེན་མཉམ་མེད་ཐེག་པར་ངེས་པ་ཁྱོད་ནི་ལུང་སྟོན་ཏོ།། དེ་བས་ལེགས་པ་ལྔ་ལག་ལྔས་མཆོད་འཇིག་རྟེན་གསུམས་མཆོད་འོས།
257b3 སྲོག་ཆགས་མང་པོ་གང་ཐོས་དགའ་ཞིང་སེམས་ཀྱང་མགུ་འགྱུར་བར།། ཡང་དག་བདེན་ཚིག་ངེས་པར་གསུང་དག་དེ་ནི་རྒྱལ་བས་ཤོད།། ཅི་ཕྱིར་འཛུམ་མཛད་ཐེ་ཙོམ་ཆོད་དེ་སློབ་མ་མགུ་བར
257b4 མཛོད།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ
257b5 བཟོད་པ་ཐོབ་པ་སྟེང་གི་བར་སྣང་ལ་ཏ་ལ་བདུན་ཙམ་འདུག་སྟེ། ཐལ་མོ་སྦྱར་ནས་ང་ལ་ཕྱག་འཚལ་བ་ལྔ་བརྒྱ་སྟོང་དག་གིས་མཆོད་པ་བྱས་པ་འདི་ཁྱོད་ཀྱིས་མཐོང་ངམ། གསོལ་བབཅོམ་ལྡན་འདས་མཐོང།
257b6 བཅོམ་ལྡན་འདྲ་ཀྱི་བཀའ་སྩལ་པ་ཀུན་དགའ་བོ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་འདིས་འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་པ་ན། སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལས་དགེ་བའི་རྩ་བ་བསྐྱེད་དེ།
257b7 སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་མཆོད་དོ།། སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལས་ཚངས་པར་སྤྱོད་པ་སྤྱོད།།
iiif viewer powered by OpenSeadragon
257a - 258a