e-texts navigator
Collection
Volume
Page
Wylie

257a1 ཀྱིས་འཛམ་པའི་དོན་ཡོངས་སུ་ཞུས་སོ།། བསོད་ནམས་ཡེ་ཤེས་སྟོབས་དཔལ་དཔེ་མེད་འདོམ་གང་འོད་ཀྱིས་བརྒྱན།། མཚན་མཆོག་སུ་བཅུ་རྩ་གཉིས་བརྒྱན
257a2 ཅིང་དཔེ་བྱད་དག་གིས་སྤྲས།། སེང་གེ་དང་མཆོག་འགྱིང་འགྲོ་ལྟར་ནི་བརྩོན་འགྲུས་སྟོབས་ཀྱིས་བྱུང་།། ཅི་སླད་འཛུམ་མཛད་དེ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པར་གསོལ།། ཐུབ་པར་བྱར་གྱི
257a3 སྤྲིན་དང་རྔ་སྒྲ་སེང་གེའི་སྐབས་ལྷག། ཀ་ལ་བིདེའི་སྒྲ་དང་དྲིལ་སྒྲ་ཚངས་པའི་སྒྲབས་ལྷག། ལྷ་འམ་དེ་བཞིན་མི་ཡི་སྒྲ་གང་སྟོང་གསུམ་དག་ན་སྤྱན།། དེ་ཀུན་ཆར་ཡང་མི་འགྲོ་བཅོམ་ལྡན་རྔུབ
257a4 པའི་གསུང་མཆོག་གོ།། དགྲ་བཅོམ་མཆོག་རབ་རང་རྒྱལ་ཡང་དག་བྱང་ཆུབ་སེམས་དཔའ་ཀྱང་།། དཔེ་མེད་ཐུབ་དབང་ཡེ་ཤེས་རྨད་བྱུང་ཡུལ་ནི་མི་རྟོགས་པ།། ལྷ་མི་ལྷ་མིན་ཀླུ་གང་ཐོས་ནས
257a5 བྱང་ཆུབ་འཆོག་འཚལ་བར།། ཡེ་ཤེས་དེ་ཡི་སྟོབས་ཀྱིས་ཅི་ཕྱིར་འཛུམ་བསྟན་བཤད་དུ་གསོལ།། མཐར་འཛིན་ཀུན་ལས་ཐུབ་གྲོལ་བློ་བཟང་དབུས་སུ་ཁྱོད་མི་ཆགས།། ཆགས་མེད་ཉེས་མེད
257a6 སྤྱོད་པ་གནས་མེད་ནམ་མཁའ་ཚད་མེད་བཞིན།། དཔེ་མཆོག་གང་ཡང་མེད་ཅིང་འཇིག་རྟེན་མཆོག་འདྲར་བགྲང་བ་མེད།། མཁའ་འདྲའི་བློ་མངར་སྡིག་མེད་ཁྱོད་ལ་ཅི་སླད་འཛུམ་བསྟན་ནུའོ།། ཁྱོད
257a7 ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས་སྔོ་དང་དཔར་དང་དཀར།། དྲི་མེད་གསེར་ལྟར་འཚེར་ཞིང་དམར་བ་གངྒཱའི་བྱེ་སྙེད་བྱུང་།། གྲངས་མེད་ནམ་མཁའི་ཁམས་མཉམ་ཕྱོགས་ཀྱི་འཇིག་རྟེན་དེས་སྣང་བྱས།།




iiif viewer powered by OpenSeadragon

256b - 257b

Texts on this page

Ty046-011 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo