e-texts navigator
Collection
Volume
Page
Wylie

256a1 ཀྱི་སེམས་ལ་སྦྱོར་བའོ།། བག་ཡོད་པ་ནི་གང་སྒྱུ་མ་ལྟ་བུའི་ཆོས་ལ་སོ་སོར་རྟོག་པས་བྱང་ཆུབ་ཀྱི་སེམས་མི་བརྗེད་པའོ།། དེ་ལ་བརྩོན་འགྲུས་ནི་གང་མངོན་པ་ས་ཤེས་པའིམ།
256a2 ཤེས་སྐྱེད་པའོ།། བག་ཡོད་པ་ནི་གང་ཟག་པ་ཟད་པར་བྱས་ཀུན་ཏུ་སྲུང་བའོ།། དེ་ལ་བརྩོན་འགྲུས་ནི་གང་མགོའི་ཐོད་ལ་མེ་འབར་བ་ལྟ་དུས་དཔེར་འཚོལ་བའོ།། ངག་ཡོད་པ་ནི་གང་འགོག་པ་མངོན
256a3 སུམ་དུ་བྱ་བར་མི་ལུང་བའོ།། དེ་ལ་བརྩོན་འགྲུས་ནི་གང་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བགེ་བའི་རྩ་བས་ཆོག་མི་ཤེས་པའོ།། བག་ཡོད་པ་ནི་གང་ཆོས་ཀྱི་སྐུ་ལ་སོ་སོར་རྟོག།
256a4 པའོ།། དེ་ལ་བརྩོན་འགྲུས་ནི་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ།། བག་ཡོད་པ་ནི་གང་སེམས་ཅན་གྱི་ཞིང་ཡོངས་སུ་དག་པའོ།། དེ་ལ་བརྩོན་འགྲུས་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ
256a5 བདུན་ཡོངས་སུ་རྫོགས་པའོ།། བག་ཡོད་པ་ནི་གང་ཉེ་བར་ཞི་བའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་བའོ།། རིགས་ཀྱི་བུ་མདོར་ན་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ལས་ཇི་སྙེད་པ་དེ་དག་ཐམས།
256a6 ཅད་བརྩོན་འགྲུས་དང་ལྡན་པར་བལྟའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བག་ཡོད་པ་དང་ལྡན་པར་ལྔ་སྟེ། དེ་བས་ན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བྱང
256a7 ཆུབ་སེམས་དཔའ་ཁ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་ལས་ཕྱིར་ལྡོག་པའི་འཇིགས་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱའོ།། བསྟན་པ་འདི་བསྟན་པའི་ཚེ། ཀུན་ཏུ་རྒྱུ་རྒྱལ་བ




iiif viewer powered by OpenSeadragon

255b - 256b

Texts on this page

Ty046-011 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo