e-texts navigator
Collection
Volume
Page
Wylie

254a1 པའི་ང་རྒྱལ་ཅན་དུ་རིག་པར་བྱའོ།། གལ་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱི་སྦྱིན་པ་ཡོངས་སུ་སྦྱོང་བར་བྱེད་ཀྱིསདགྲ་བཅོམ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སླས།
254a2 པར་གྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ།། གལ་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་བཞིན་གཤེགས་པ་མཉེས་པར་བྱེད་ཀྱིས། དགྲ་བཅོམ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲས།
254a3 པར་གྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ།། གང་དག་ཉོན་མོངས་པ་ཐམས་ཅད་ལས་མི་གཡོ་བ་དེ་དག་ནི་མི་རྟེན་པའོ།། གང་དག་མི་རྟེན་པ་དེ་དག་ནི་འཇིག་རྟེན་ན་སྦྱིན་པའི་གནས་སོ།། གང་ཡང
254a4 ཉོན་མོངས་པ་ལས་གཡོ་བ་དེ་དག་ནི་རྟེན་པའོ།། གང་དག་རྟེན་པ་དེ་དག་ནི་འཇིག་རྟེན་ན་སྦྱིན་པའི་གནས་པ་མ་ཡིན་ནོ།། དེ་ལ་གང་དག་རྩོད་པར་བྱེད་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ།།
254a5 ཆོས་ཐམས་ཅད་ནི་འབྱུང་བའོ་ཞེས་བྱ་བའི་ཆོས་ཟབ་མོ་འདི་ལ་འདི་གང་མི་རྟོགས་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ།། ཆོས་ཐམས་ཅད་ཡོངས་སུ་ཤེས་པར་མི་བྱའོ།། སྤང་བར་མི་བྱའོ།།
254a6 བསྒོམ་པར་མི་བྱའོ།། མངོན་དུ་མི་བྱའོ་ཞེས་བྱ་བའི་བདེན་པའི་ཚུལ་འདི་ལ་གང་མི་འཇུག་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ།། སྨྲས་པ། འཇམ་དཔལ་མངོན་པའི་ང་རྒྱལ་མེད་པའི་བྱག།
254a7 རྒྱའི་ལྟ་བུ་ཡིན། སྨྲས་པ། འགལ་བ་མེད་པ་དང་། རྩོད་པ་མེད་པ་ནི་མངོན་པའི་ང་རྒྱལ་མེད་པའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་སྒྲ་ཐམས་ཅད་ཀྱིས་མི་སྐྲག་གོ།




iiif viewer powered by OpenSeadragon

253b - 254b

Texts on this page

Ty046-011 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo