e-texts navigator
Collection
Volume
Page
Wylie

252b1 དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འདི་ལ་དང་པ་དང་ལྡན་ཞིང་མོས་པ་མང་བར་སྦྱོར་བར་བྱེད་ཁྲོབ་བ་སྲེ་ཁ་པར་བྱེངས་མར་དོད་པ་འོ་མའི་བུམ་པ་ལས་མར་གྱི་སྙིང་དུ་ཐོབ་པ་པའི།
252b2 དེ་དག་མྱུར་དུ་འཕགས་པའི་རྣམ་པར་གྲོལ་བ་ཐོབ་བོ།། གཅེར་བུ་པ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་གིས་སྐྱེས་བུ་གཉིས་པའི་འཇིམ་པ་ལས་བྱས་པའི་སྣོད་བརྒྱ་སྟོང་བཞག་སྟེ། དེ་སྙེད་ཀྱི་རིན་པོ་ཆེའི་སྣོད
252b3 བྱིན་ན། གཅེར་བུ་པ་དེ་ཇི་སྙམ་དུ་སེམས། ཅི་སྐྱེས་བུ་དེས་སྐྱེས་བུ་དེ་བསླུས་པ་ཡིན་ནམ། སྨྲས་པ། རྒྱལ་བའི་བློ་གྲོས་དེ་ནི་མ་ཡིན་ནོ།། སྨྲས་པ། གཅེར་བུ་པ་དེ་བཞིན་དུ་འཇིམ་པ་ལས་བྱས་པའི་སྣོད་ལྟ་བུའི
252b4 མུ་སྟེགས་ཅན་གྱི་ཉན་ཐོས་རྣམས་བཅོམ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ལ་ཆོས་རིན་པོ་ཆེའི་སྣོད་བྱེད་ན། དེས་མུ་སྟེགས་རྣམས་གང་ཡང་བསླུས་པར་མི་འགྱུར་རོ།། གཅེར་བུ་པ་འདི་ལྟ་སྟེ་དཔེར་ན།
252b5 དེད་དཔོན་ལ་མི་མཁས་པ་མངོན་པའི་ང་རྒྱལ་ཅན་ཞིག་གིས། འགྲོན་པ་མང་པོ་ལམ་ངན་པར་བཙུད་པ་ལས། དེད་དཔོན་ཐབས་ལ་མཁས་པ་ལམ་ཤེས་པ་ལམ་མཐོང་བ་ཞིག་གིས་ལམ་ངན་པ་དེ་ནས་བཟློག་སྟེ།། ཡང
252b6 དག་པའི་ལམ་དུ་བཙུད་དོ།། གཅེར་བུ་པ་དེ་བཞིན་དུ་ཁྱོད་ཀྱི་སྟོན་པ་དྲུག་པོ་ཐམས་ཅད་ཀྱང་ལམ་མི་ཤེས་པ་ལམ་ལ་མི་མཁས་པ་སྟེ། དེས་ཁྱེད་ཅག་སེམས་ཅན་མང་པོ་ལམ་ངན་པར་བཙུང་ངོ་།། དེ་བཞིན་གཤེས།
252b7 བ་ནི་ལམ་མཁྱེན་པ་ལམ་ལ་མཁས་པ་སྟེ། དེས་སེམས་ཅན་དེ་དག་ལམ་ངན་པ་དེ་ལས་བཟློག་སྟེ། ཡང་དག་པའི་ལམ་དུ་བཙུད་དོ།། གཅེར་བུ་པ་དེ་ལྟ་མོད་ཀྱི། ཁྱོད་ཀྱི་འཁོར་འདི་དག་ཁྲིད་དེ་སོང་ཞིག།




iiif viewer powered by OpenSeadragon

252a - 253a

Texts on this page

Ty046-011 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo