e-texts navigator
Collection
Volume
Page
Wylie

252a1 དང་། འཇམ་དཔལ་གཞོམ་ནུར་གྱུར་པ་ལ་མ་དད་པར་མ་བྱེད་ཅིག། ཁྱོད་ལ་ཡུན་རིང་པོར་དོན་མེད་པ་དང་། མི་ཕན་པ་དང་། སྡུག་བསྔལ་བ་དང་། རྣམ་པར་ལྟུང་བར་གྱུར་ཏ་རེ།།
252a2 གཅེར་བུ་པ་འདི་ལྟ་སྟེ། ངས་དཔེ་བྱ་བར་སྤོབས་སོ།། གཅེར་བུ་པ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་བྱིས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་ལ་ལ་ཞིག། མར་གྱི་སྙི
252a3 ཁུ་འདོད་ལ་མར་ཚོལ་བ་དེས། ཆུ་བུམ་པའི་ནང་དུ་བླུགས་ཏེ་བསྲུབས་ནས་དེ་ཇི་ཙམ་ནདོན་མེད་པ་དང་ཆད་པའི་སྐལ་བ་ཅན་དུ་གྱུར་ཀྱང་། དེའི་རྒྱུས་མར་རམ་མར་གྱི་སྙིང་པོ་ནི་མི་རྗེད་ངོ་།། གཅར
252a4 བུ་པ་དེ་བཞིན་དུ་འདི་ལས་ཕྱི་རོལ་གྱི་ཡ་མཚན་ཅན་ཐམས་ཅད་ཀྱི་རྣལ་འབྱོར་དང་། སྤོང་བ་དང་། དཀའ་ཐུབ་དང་། བརྟུལ་ཞུགས་དེ་དག་ཐམས་ཅད་ནི་ལོག་པར་བཟུང་བ་སྟེ། དེ་དག་ནི་ཆུའི
252a5 བུམ་པ་བསྲུབ་པ་ལྟ་བུའོ་ཞེས་ང་སླུ་བའི་སྟེང་དུ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་སེམས་གདུག་པར་བྱས་པས། སེམས་ཅན་དམྱལ་བའི་གཡང་སར་ལྷུང་བར་འགྱུར་རོ།།
252a6 གཅེར་བུ་པ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མཁས་པའི་རང་བཞིན་ཅན་ཤེས་རབ་དང་ལྡན་པའི་རང་བཞིན་ལ་ལ་ཞིག་མར་གྱི་སྙིང་འུ་འདོད་ཅིང་མར་ཚོལ་བ་དེས། འོ་མ་བུམ་པའི་ནང་དུ་བླུགས་ཏེ།
252a7 བསྲུབས་ན། དེ་ཚེགས་ཆུང་ངུས་མ་རགསར་ཕྱིན་པར་འགྱུར་ཏེ། མར་གསང་ལས་མར་རོ།། མར་ལས་མར་གྱི་སྙིང་ཁུ་ཐོབ་བོ།། གཅེར་བུ་པ་དེ་བཞིན་དུ་ཁྱིམ་ན་གནས་པ་འམ། རབ་ཏུ་བྱུང་བའང་རུང་།




iiif viewer powered by OpenSeadragon

251b - 252b

Texts on this page

Ty046-011 - 'phags pa dkon mchog gi za ma tog ces bya ba theg pa chen po'i mdo