e-texts navigator
Collection
Volume
Page
Wylie

153a1 རྣམས་སུ་སྐྱེ་བར་སླའོ།། ཀུན་དགའ་བོ་གང་གིས་དེ་བཞིན་གཤེགས་པ་ལ་སེམས་དང་བས་དཀྱིལ་འཁོར་རྡུམ་པོ་བྱེད་ན་དེ་ནུབ་ཀྱི་བགྲང་སྤྱོད་ཀྱི་ཐིང་གི
153a2 དབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་འཐབ་བྲལ་གྱི་ལྷ་རྣམས་སུ་སྐྱེ་བར་སྨྲའོ།། ཀུན་དགའ་པོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དང
153a3 བས་དཀྱིལ་འཁོར་བླ་གམ་ལྟ་བུར་བྱེད་ན་དེ་ཤར་གྱི་ལུས་འཕགས་པོའི་གླིང་གི་དྲབང་ཕྱུག་གི་བདག་པོར་འགྱུར་ཞིང་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་སུ་སྐྱེ་བ.རང་ལྡོག།
153a4 ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་དང་བས་དཀྱིལ་འཁོར་ཤིང་རྟའི་དབྱིབས་འདྲ་བ་ལྟ་བུ་བྱེད་ན་དེ་འཛམ་བུ་གླིང་གི་དབང་ཕྱུག་གི་བདག
153a5 པོར་འགྱུར་ཞིང་ལུས་ཞིག་ནས་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར་བར་ང་སྨྲའོ།། ཀུན་དགའ་བོ་གང་ལ་ལ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང
153a6 གང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཟི་རྣམས་ཀྱང་མནོས་ནས་ཡོངས་སུ་སྲུང་བར་བྱེད་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེའི་བསོད
153a7 ནམས་ནི་དཔག་ཏུ་མེད་ཅིང་གྲངས་མེད་པར་སླའོ།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པར་མཐར་ཐུག་པའི་བར་དུ་མཐལ་བཟུང་བར་མི་ནུས་པར་ང




iiif viewer powered by OpenSeadragon

152b - 153b

Texts on this page

Ty046-006 - khang bu brtsegs pa'i mdo