| | e-texts navigator
|
151b1 འདོད་ཅིང་ཆགས་པའི་སེམས་ཟབ་སྐྱེས།། འདོད་ཆགས་ཀྱི་ནི་རྒྱུ་རྐྱེན་གྱིས།། ངན་པ་གཡོས་པས་ལམ་ངན་ལྷུང་།། བག་མེད་ཆོས་ནི་སྟོན་པ་འི།། འཇིག་རྟེན་སྲམ་ཟང་།
151b2 མེད་པར་འགྱུར།། དེ་ལྟ་བུར་ནི་ཤེས་རིག་ན།། ཁྱེད་ལ་སོམ་པ་མྱུར་སྤྱོད་རིགས།། སེམས་མེད་སེམས་ཀྱི་འདུ་ཤེས་སྐྱེས།། བདག་ཉིད་ཤིན་ཏུ་འཇིགས་ཤིང་སྐྲག
151b3 བདག་གིས་བྱས་སམ་མ་བྱས་པ།། དེ་ཡི་དོན་ནི་ཇི་ལྟ་བུར།། དེ་ལྟ་བུ་ཡི་ཐ་མལ་རྣམས། བསམས་ཤིང་མནོས་ཏེ་འགྲོས་དཔགས་ན།། བདག་གིས་ཇི་ལྟ་བུར་བྱས།
151b4 དེ་བཞིན་རྟག་པར་མཆི་མས་རུ།། ཕུང་མེད་ཕུང་པོའི་འདུ་ཤེས་སྐྱེས།། ང་མེད་ང་ཡི་འདུ་ཤེས་སྐྱེས།། ཉིན་གྱི་མཚན་མའི་སྟོང་ཆོས་ཐོས།། དེ་ལྟ་བུས་ཀྱང་བསླབ་ཅིང་རྨོངས།
151b5 སངས་རྒྱས་ཀྱིས་སུ་བདེན་པ་བཤད།། ཕུང་པོ་རྣམས་ཀྱི་གཞུང་མ་རིག། ཐོས་ན་མི་འགྱུར་སྙམ་དུ་འཛིན།། འཇིགས་སྐྲག་པའི་གནས་ནི་སེམས་པ་མེད།། ངས་འདས་མ
151b6 འོངས་ད་ལྟར་བཤད།། ཕུང་པོ་རྣམས་ནི་སྟོང་སྟོང་ཞིང་།། དུས་གསུམ་ཟད་པར་ཉམས་སྙོམས་ཏེ། དཔེར་ན་ནམ་མཁའ་སྟོང་པ་བཞིན།། འདས་པའི་སངས་རྒྱས་ཡོད
151b7 དོ་ཅོག། དེས་ཀྱང་ཉིན་མཚན་སྟོང་པར་བཤད།། མ་འོངས་དུས་ཀྱི་སངས་རྒྱས་རྣམས།། དེས་ཀྱང་ཉིན་མཚན་སྟོང་པར་བཤད།། ང་འདབ་འཇིག་རྟེན་མངོན་པར་བྱུང་།
iiif viewer powered by OpenSeadragon
151a - 152a