e-texts navigator
Collection
Volume
Page
Wylie

134b1 དེས་བདག་ལ་སོགས་པ་སྡུག་བསྔལ་མང་པོ་ཕུང་པོ་ཆོད་ཀྱང་རུང་སྲིད་ན་འདི་སྙམཱ་སེམས་བྱའོ།། ཤཱ་རིའི་བུ་ཐོག་མ་སྐྱེས་པ་ནས་ལོང་བའི་མི་ཁྱི་བ་བ་ལས་བྲོས་ཏེ། བྱོལ་ནས་མེའི།
134b2 དོང་ཟབ་མོར་ལྷུང་བ་དང་མཚུངས་སོ།། ཤཱ་རིའི་བུས་སྨྲས་པ་མི་གཏི་མུག་གིས་དེ་ལྟ་བུར་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་ཐོབ་པ་ཡོད་པར་མཐོང་བ་སྤྱད་པ
134b3 སྦྱངས་ཏེ། དེ་ལྟ་བུའི་མཐོང་བ་རྣམས་སྤྱད་དེ་གཙང་གདང་ན་འདོད་ཅིང་རེ་བ་ནི་མི་འདོད་ཅིང་ཆགས་པ་ལ་འབྲངས་ཏེ། དེ་ལྟ་བུའི་དོན་སྤྱད་པས་མྱ་ངན་ལས་འདས་པར་ཐོབ་པར
134b4 འདོད་ན། ངས་མིང་མཐར་ལམ་ངན་པ་ལྟུང་ཞེས་བྱའོ།། ཤཱ་རིའི་བྱ་དཔེར་མི་ལོང་བ་བཟང་མོ་ལ་བདེ་སྐྱིད་པའི་སེམས་སྐྱེས་པ་དང་མཚུངས་སོ།། དེ་ལྟ་བུའི་མི་གཏི་མུག་ཀྱང་བདག་དང
134b5 གང་ཟག་ཏུ་ལྟ་བ་དང་། ཐོབ་པ་ཡོད་པར་མཐོང་བ་ལ་བདེ་སྐྱིད་པའི་སེམས་སྐྱེས་ཏེ། མི་དེ་ཉིན་མཚན་དུ་ཆགས་པ་ལ་འབྲངས་པས་བརྙེས་བསླུས་ནས་སླར་དོན་དེ་ལ་ཆགས་ཏེ་ངའི
134b6 ཆོས་ཀྱི་ནང་དུ་ཡོན་བླང་ནས་དེ་ལྟ་བུའི་མཱི་གཏི་མུག་ཉིན་མཚན་དུ་ཆུད་པའི་མྱ་ངན་གྱིས་ལམ་ངན་པའི་ནང་དུ་སྲུང་ངོ་།། ཤཱ་རིའི་བུ་དབར་མི་སྤྱི་བླུགས་ཀྱི་རྒྱལ་པོ་ཆེན་པོ་དང་མཚུད
134b7 བདག་གི་ཁམས་ཀྱི་ཡུལ་གྱི་ནང་ན་བརྗིད་ཀྱི་སྟོབས་རང་དབང་སྟེ། མི་དེ་ལྟ་བུ་ཞིག་འཕྲོག་པའི་རིགས་མི་དེ་ལྟ་བུ་ཞིག་བཀོལ་བའི་རིགས་ཞེས་ཟེར་ཏེ། མི་བལ




iiif viewer powered by OpenSeadragon

134a - 135a

Texts on this page

Ty046-005 - sangs rgyas kyi mdzod kyi chos kyi yi ge