| | e-texts navigator
|
104a1 མི་འདོད་པ་དེ་ཡིད་ལ་དེ་ལྟ་བུའི་ཆོས་ཀྱི་ཡི་གེ་ཐོས་པས་མི་དག་པའོ།། དེ་ལྟ་བུའི་ཆོས་ཀྱི་ཡི་གེ་གཟུངས་སུ་བཟུང་སྟེ་ཀློག་ཅིང་ཁ་ཏོན་ལ་སྲེད་པ་དང
104a2 ཆོས་ཀྱི་ཡི་གེ་དེ་ལྟ་བུ་བཤད་པས་ཐོས་ན་སེམས་དགའ། གཞན་པ་དེ་ལྟ་བུ་ཡང་མཐོང་ན་མི་དགའ་འོ།། གཅིག་ཏུ་ན་ཚུལ་ཁྲིམས་འཛིན་པའི་ཆོས་ལ་བསྟོད་པ་ཐོས་སུ་མི་དཀའ་སྟེ།
104a3 དེ་ལྟ་བུ་ལ་སོགས་པའི་ཆོས་ཀྱི་ཡི་གེ་བཤད་ན་ཉན་ཅིང་ནོད་དུའང་མི་འོང་། ཉན་ཅིང་ནོད་དུ་མི་ཟིན་ནའང་རིང་པོར་མ་ལོན་སླར་སོང་སྟེ། གོས་སྐྱ་བོ་ཅན་དང་བ་ཤེས
104a4 གཉེན་བྱས་པ་མང་ལ་རྟག་པར་ཚུལ་ཁྲིམས་འཛིན་པའི་དགེ་སློང་ལ་བརྗོད་ཅིང་བཤད་པ་ལ་སྲེད་དེ་རང་ཉམས་མེད་པས་བརྙས་པ་དང་ཁ་མདའ་སྤྱོད་དོ།། ཤཱ་རིའི་བུ་དེའི་མིང་ཚུལ
104a5 ཁྲིམས་ཞིག་པའི་དགེ་སློང་གི་མྱ་ངན་འཁྲུགས་པའི་མདའ་བཅུ་ཞེས་བྱ་སྟེ། ཡང་དག་པར་ལམ་ངན་པར་ལྟུང་ངོ་།། ཤཱ་རིའི་བུ་ང་མེད་པར་འདས་པོའི་ཕྱི་ན་དེ་ལྟ་བུ་ལ་སོགས་པའི་མོས
104a6 འཛམ་བུ་གླིང་གང་སྟེ། ཁ་ཚོལ་བ་འབའ་ཞིག་སྤྱོད་ཅིང་རང་འཚོ་གསོ་བྱེད་དོ།། །། སངས་རྒྱས་ཀྱི་མཛོད་བཤད་པ་ཆོས་ཀྱི་ཡི་གེ་བམ་པོ་གསུམ་པ།
104a7 སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛོད་བཤད་པའི་ཆོས་ཀྱི་ཡི་གེ་ལས་ལེའུ་དྲུག་སྟེ། གཙང་མའི་ཆོས་ཀྱི་ལེའུ་སྟེ་དྲུག་པའོ།། །། སངས་རྒྱས་ཀྱིས།
iiif viewer powered by OpenSeadragon
103b - 104b