| | e-texts navigator
|
9a1 རྣམ་ཐོས་ཀྱི་བུས་བདག་ཉིད་མིའི་གཟུགས་སུ་མངོན་པར་སྤྲུལ་ནས། བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་ཁྱོད་སྐྱེས་བུ་དམ་པ་འདི་ལ་ཀུན་ཏུ་ཆགས་པའི
9a2 སེམས་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདོད་པ་དོན་དུ་གཉེར་བ་མ་ཡིན་པའི་ཕྱིར་རོ།། བུ་མོས་སྨྲས་པ། འདི་སུ་ཞིག་ཡིན་ན། འདིའི་མིང་ཅི། རྣམ་ཐོས་ཀྱི་བུས་སྨྲས་པ། འདི་ནི།།
9a3 བྱང་ཆུབ་སེམས་དཔའ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱའོ།། བུ་མོས་སྨྲས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཅི་ཞིག་ཡིན། དེ་ཅི་ལྷ་འམ། འོན་ཏེ་ཀླུ་འམ། གནོད་སྦྱིན་ནམ།
9a4 དྲི་ཟ་འམ། ལྷ་མ་ཡིན་ནམ་ནམ་མཁའ་ལྡིང་ངམ། མི་འམ་ཅི་འམལྟོ་འཕྱེ་ཆེན་པོ་འམ། བརྒྱ་བྱིན་ནམ། ཚངས་པའམ། འཇིག་རྟེན་སྐྱོང་བ་འམརྒྱལ་པོ་ཆེན་པོ་འམ་བྱང་ཆུབ
9a5 སེམས་དཔའ་ཞེས་བྱ་བ་དེ་ཅི་ཞིག་ཡིན། རྣམ་ཐོས་ཀྱི་བུས་སྨྲས་པ། བུ་མོ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི། ལྷ་ཡང་མ་ཡིན། ཀླུ་ཡང་མི་ཡིན་གནོད་སྦྱིན་ཡང་མ་ཡིན། དྲི་ཟ་ཡ
9a6 མ་ཡིན་ལྷ་མ་ཡིན་ཡང་མ་ཡིན། ནམ་མཁའ་ལྡིང་ཡང་མ་ཡིན། མི་འམ་ཅི་ཡང་མ་ཡིན། ལྟོ་འཕྱེ་ཆེན་པོ་ཡང་མ་ཡིན། བརྒྱ་བྱིན་ཡང་མ་ཡིན། ཚངས་པ་ཡང་མ་ཡིན། འཇིག་རྟེན།
9a7 སྐྱོང་བ་ཡང་མ་ཡིན། རྒྱལ་པོ་ཆེན་པོ་ཡང་མ་ཡིན་ཏེ། བུ་མོ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཀུན་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ།།
iiif viewer powered by OpenSeadragon
8b - 9b