| | e-texts navigator
|
7b1 སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་དེ་སྐྱེད་མོས་ཚལ་ལམ། འབབ་ཆུ་འམ། རྫིང་བུ་འམ། ཁྱིམ་མམ། ལམ་པོ་ཆེ་འམ། གྲོང་བར་རམ། གང་དང་གང་དུ་འགྲོ་བ་དེ་དང་དེ་དག་ཏུ། སྐྱེས་པ།
7b2 དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་མང་པོ་རྣམས་ཀྱང་ཤིན་ཏུ་ལྟད་མོར་གྱུར་ནས། ཀུན་འདུས་ཏེ་དེའི་ཕྱི་བཞིན་འབྲང་ཞིང་འགྲོའོ།། དེ་ནས་སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་དེ་ཚོང་དཔོན་གྱི་བུ
7b3 འཇིགས་སྦྱིན་ཞེས་བྱ་བས་ནོར་གྱིས་གླས་ཏེ། སྐྱེད་མོས་ཚལ་གྱིས་སར་བྱུང་ནས། རྟ་བཞི་དང་ལྡན་པའི་ཤིང་རྟ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། གསེར་གྱིས་ལེགས་པར་བརྒྱན་པ
7b4 གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་ཞིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྱེ་མ་དང་། མེ་ཏོག་འཕྲེང་བའི་མཛེས་པར་བྱས་པ། མེ་ཏོག་ཙམ་པ་ཀའི་འཕྲེང་བའི་སྐར་ཁུང་བྱས་པ
7b5 ནང་དུ་སྟན་བཟང་པོ་བཤམས་པ་ལ་འདུག་ནས། འདི་ལྟར་རྩེ་ཞིང་དགའ་བའི་བསམ་པས་ཤིང་རྟ་དོའི་མདུན་དུ་ནི། སིལ་སྙན་དང་། ཕག་རྡོབ་པ་དང་། གླུ་དབྱངས་ལེན་པ་དག་གིས་དྲངས། ཤིང་རྟ
7b6 དེའི་ཕྱི་བཞིན་དུ་ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་ཐོགས་པ་ཐམས་ཅད་རྗེས་སུ་འབྲང་ལ། སྐྱེ་བོའི་ཚོ་གས་ཆེན་པོ་ལྟད་མོ་བལྟ་བའི་བསམ་པ་ཅན་དག་ཀྱང་། ཕྱི་བཞིན་དུ་འབྲང་བར་གྱུར་ཅིང་། སྐྱེད།
7b7 མོས་ཚལ་གྱི་སར་དོང་ངོ་།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེས་ནས། འདི་སྙམ་དུ་སེམས་ཏེ། སུ་ཞིག་རྫུ
iiif viewer powered by OpenSeadragon
7a - 8a