e-texts navigator
Collection
Volume
Page
Wylie

244a1 མི་འཇིགས་མཛད་དང་སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། འཇམ་དཔལ་དང་། སྤོབས་པ་དཔའ་བོ་དང་། སྒྲིབ་པ་ཐམས་ཅད་རྣམ་པར
244a2 སྤེལ་བ་དང་། སྤྱན་རས་གཟིགས་དང་ཀུན་ཏུ་བཟང་པོ་དང་གདེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་བཅོམ་ལྡན་འདས་ལ
244a3 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྤང་མའི་དུས་སླད་མའི་ཚེ། སྙིགས་མ་ལྔ་ལ་བབ་པ་ན་བདོག་ཅག་གིས་མདོ་སྡེ་འདི་རྒྱས་པར་བགྱིའོ།། བཅོམ་ལྡན་འདས་གང་མདོ་སྡེ
244a4 འདི་ལ་མོས་པའི་སེམས་ཅན་དེ་ནི། ཡོངས་སུ་མྱ་ངན་ལས་འདས་པར་རིག་པར་བྱའོ།། བཅོམ་ལྡན་འདས་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་བར་མདོ་སྡེ་འདི་ཐོས་པར
244a5 མི་འགྱུར་ཏེ། གང་དག་རྒྱ་ཆེར་འཇུག་པ་དེ་དག་གི་ཡོན་ཏན་གྱི་མཐའ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་རྟོགས་པར་དཀའ་ལགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག
244a6 ལ་ལེགས་སོ་ཞེས་བྱ་བ་ག་ནང་སྟེ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ།། དེ་ལྟར་ཁྱེད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་གགོངས་པ་འཛིན་པ་ལྟ་བར་གྱིས་ཤིག
244a7 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནསབྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དང་། ལྷ་དང་། མི་དང་། ལྷ་མ་ཡིན




iiif viewer powered by OpenSeadragon

243b - 244b

Texts on this page

Ty041-013 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo