| | e-texts navigator
|
239b1 དོན་དེ་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་ལུང་བསྟན་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་འོད་འཕྲེང་གིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ
239b2 རྣམ་འདྲེན་གང་ཟག་མཆོག་སྟེ་ཐུགས་རྗེ་ཅན།། རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན།། བདག་དང་འཇིཛིན་རྟེན་སྣང་མཛད་ཐུགས་རྗེ་ཅན།། འཛུམ་མཛད་རྒྱུ་དང་མཛད་རྒྱུ་ངེས
239b3 པར་གསུངས།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་འཛམ་བུ་ཆུ་བོའི་གསེར་ལྷར་སྣང་ཞིང་། འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མི་རབ་ཏུ
239b4 འགྱེད་པ། སྐུའི་གཟུགས་དང་མདོག་གཟི་བརྗིད་ཀྱིས་འབར་དེ་ལ། བྱང་ཆུབ་སེམས་དཔའ་འོད་འཕྲེང་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཚེ
239b5 འཕྲུལ་མང་པོ་མཐོང་ལགས་ཏེ་བདག་གིས་སྔོན་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་རྣམས་ཀྱང་མ་མཐོང་ལགས་སོ།། དེ་བཞིན་གཤེགས་པ་དེས་བཀའ་སྩལ་པ། འོད་འཕྲེང་ཕྱོགས་འདིར།
239b6 དེ་བཞིན་གཤེགས་པའི་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་ཆུང་ངུ་ཞིག་མཛད་དེ། མཚན་མ་སྣང་བ་དེ་དག་རོ་རྒྱུ་མེད་པ་མ་ཡིན། བྱེད་རྒྱུ་མེད་པ་མ་ཡིན་ནོ།། འོད་འཕྲེང་ཁྱོད་དེའི་ཕྱིར
239b7 ལགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ངས་ཁྱོད་ལ་བཤད་དོ།། དོན་གང་གི་ཕྱིར་ངས་འཛུམ་པ་མཛད་པ་ཐོས་ནས་ཀྱང་།། རིགས་ཀྱི་བུ་ཁྱོད་ཀྱིས་སྐྲག་པར་མི་བྱ།།
iiif viewer powered by OpenSeadragon
239a - 240a