| | e-texts navigator
|
237b1 པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་བུད་མེད་འགྱུར་བ་དེ་དང་། བུད་མེད་ལྔ་བརྒྱ་པོ་དེ་དག་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་ལུང་བསྟན་པ་ཐོས་ནས། དགའ་བ་དང་མཆོག
237b2 ཏུ་དགའ་བ་དེ་ཁོ་ནས་ཏ་ལ་བདུན་སྲིད་ཙམ་གྱི་ནུམ་མཁའ་ལ་འཕགས་ནས། དེའི་མོད་ཁྲོ་ན་ལ་ཁྱེའུ་ལོ་བཅུ་དྲུག་ལོན་པ་ཙམ་དུ་སྣང་བར་གྱུར་རོ།། དེ་དག་པར་སྣང་དེ་ལས་བབས་ཏེ།
237b3 བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། དེ་བཞིན་གཤེགས་པས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཕྱག་གིས་བྱུགས་སོ།། དེ་ནས་དེ་དག་ཐམས་ཅད་ཀྱིས་དེའི་ཚེ། གཟུངས་དང་ཀུན་ཏུ
237b4 སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལ་གཞན
237b5 ངག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས
237b6 བཀའ་སྩལ་པ། ཀུན་དགའ་བློ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་སྤོབས་པ་བཀོད་པའི་རྒྱན་ཅེས་བྱ་བར་ཟུང་ཞིག། བུད་མེད་འགྱུར་བ་ལུང་བསྟན་པ་ཞེས་བྱ་བར་ཡང
237b7 ཟུང་ཞིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་འགྱུར་བ་འཁོར་དང་བཅས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་།
iiif viewer powered by OpenSeadragon
237a - 238a