e-texts navigator
Collection
Volume
Page
Wylie

175b1 ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ། འཇམ་དཔལ་གང་གིས་བྱེད་པ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་བྱ་བ་མེད་ཅིང་། བྱེད་པ་མེད་པར་མཐོང་བ་འདི།།
175b2 ནི་ཡང་དྲག་པའི་ལས་ཀྱི་མཐའ་འོ།། འཇམ་དཔལ་གང་འཚོ་བ་མཉམ་པ་ཉིད་ལ་གནས་པའི་ཕྱིར། ཆོས་ཐམས་ཅད་མི་སྲོགྲ་མི་འབྲི་བ་འདི་ནི་ཡང་དག་པའི་འཚོ་བའོ།། འཇམ་དཔལ་གང
175b3 རྩོལ་བ་མེད་ཅིང་། སྒྲུབ་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པ་མེད་པ་འདི་ནི་ཡང་དག་པའི་རྩོལ་བའོ།། འཇམ་དཔལ་དྲན་པའི་ལས་ཀྱིས་དབེན་པའི་ཕྱིར། ཆོས་ཐམས
175b4 ཅད་ཡིད་ལ་མི་བྱེད་ཅིང་དྲན་པ་མེད་པ་འདི་ནི་ཡང་དག་པའི་དྲན་པའོ།། འཇམ་དཔལ་གང་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། རང་བཞིན་གྱིས་མཉམ་པར་གཞག་ཅིང་།། འཁྲུག་པ
175b5 མེད་པ་ལ་དམིགས་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ།། འཇམ་དཔལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དེ་ལྷུར་བལྟ་སྟེ། འཇམ་དཔལ་ལ་ལས་འཕགས
175b6 པའི་བདེན་པ་བཞི་དེ་ལྟར་ཤེས་ཤིང་།། དྲན་པ་ཉེ་བར་གཞགབ་བཞི་དང་། དབང་པོ་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱུད་པ་དེ་ལྟར་མཐོང་བ་དེ་ནི
175b7 ངན་པ་བརྒལ་བ། ཕ་རོལ་ཏུ་ཕྱིན་པ། ཐང་ལ་གནས་པ། བདེ་བར་གྱུར་པ། མི་འཇིགས་པ་རྙེད་པ། ཁུར་བོ་རབ། རྡུལ་ལྡུགས་པ། ཅི་དང་ཡང་བྲལ་བ། ཉོན་མོངས་པ་མེད་པ། དགྲ་མ།




iiif viewer powered by OpenSeadragon

175a - 176a

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo