| | e-texts navigator
|
172a1 པའོ།། དེ་འདི་སྙམ་དུ་ཅི་ནས་ཀྱང་བདག་གིས་ཀུན་འབྱུང་བ་སྤང་བར་བྱའོ་ཞེས་དེ་ཆོས་ཐམས་ཅད་ལ་རྔོ་མི་མཐོ་ཞིང་ཁྲེལ་བར་སེམས། འཇིགས་པ་དང་། རབ་ཏུ་འཇིག།
172a2 པ་དང་། ཡོངས་སུ་འཇིགས་པ་བསྐྱེད་ཅིང་། དེ་འདི་སྙམ་དུ་གང་འདི་ཆོས་དེ་དག་ལས་ངོ་ཚ་བར་གྱུར་པ་དེ་ནི་ཀུན་འབྱུང་བ་སྤང་བའོ་སྙམ་དུ་སེམས་སོ།། དེ་འདི་སྙམ་དུ་ཅི་ནས་ཀྱང་བདག་གིས
172a3 འགོག་པ་མངོན་དུ་བྱའོ་སྙམ་ནས།། དེ་ཆོས་དེ་དག་རྣམ་པར་བརྟགས་ནས། དེའི་འོག་ཏུ་དེ་དག་འགོག་པར་འདུ་ཤེས་ཤིང་། དེ་འདི་སྙམ་དུ་གང་ཆོས་རྣམས་མངོན་དུ་བྱ་བ་དེ་ནི་འགོག་པ་ཡིན
172a4 ནོ་སྒྱུམ་མོ།། དེ་འདི་སྙམ་དུ་ཅི་ནས་ཀྱང་བདག་གིས་ལ་མ་བསྒོམ་པར་བྱའོ་སྙམ་སྟེ། དེ་གཅིག་པུ་དབེན་པར་སོང་ནས། ཆོས་དེ་དག་ཡིད་ལ་བྱས་པས་ཞི་གནས་ཐོབ་ཏེ། དེའི་སྐྱོ་བ་དང་ལྡན
172a5 པའི་ཡིད་ལ་བྱ་བ་དེ་དང་། ཞི་གནས་ཐོབ་པ་དེས། ཆོས་ཐམས་ཅད་ལས་སེམས་རབ་ཏུ་ཞུམ་པར་འགྱུར། སེམས་རབ་ཏུ་འགོང་བར་འགྱུར། སེམས་ཕྱིར་ལྡོག་པར་འགྱུར་ཞིང་ངོ་མི་མཐོ
172a6 སྟེ། ངོ་ཚལ་རྣམ་པར་སྨོད་དེ། མངོན་པར་དགའ་བ་མེད་པ་སྐྱེད་དོ།། དེ་འདི་སྙམ་དུ་བདག་ནི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་སྟེ། བདག་གིས་དེ་ལས་གོང་དུ་བྱ་བ་གཞན་མེད་དོ།།
172a7 བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་དམ་འཆབའོ།། དེ་འཆི་བའི་དུས་ལ་བབ་པའི་ཚེ། བདགེ་སྐྱེ་བར་འགྱུར་བར་མཐོང་ནས། སངས་རྒྱས་ཀྱི་བྱང་ཆུབ་ལ་ནེམ་ནུར་དང་། ཐེ་ཙོམ་དུ་འགྱུར་ཏེ།
iiif viewer powered by OpenSeadragon
171b - 172b