e-texts navigator
Collection
Volume
Page
Wylie

171a1 ཁོང་ཁྲོ་བ་དང་བྲལ་བར་འགྱུར་རོ།། རྣམ་པ་ཐམས་ཅད་མཁྱེན་པའང་མྱུར་དུ་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི།
171a2 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བགྱི་བ་ཇི་ཙམ་གྱིས་ན། ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
171a3 འཇམ་དཔལ་བྱང་ཆུབ་སེམས་དཔའ་གླང་ཆོས་ཐམས་ཅད་ལས་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་པ་དེས་ཀ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་བོ།། འཇམ་དཔལ་གཞན་ཡང་བྱང་ཆུབ
171a4 སེམས་དཔའ་གང་གིས་འདོད་ཆགས་ཀྱི་མཐའ་ཡང་དག་པའི་མཐར་མཐོང་བ་དང་། ཞེ་སྡང་གི་མཐའ་ཡང་དག་པའི་མཐར་མཐོང་བ་དང་། གཏི་མུག་གི་མཐའ་ཡང་དག་པའི་མཐར་མཐོང་བ་དེས
171a5 ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་བོ།། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང
171a6 བ་དེས། ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཐོབ་བོ།། འཇམ་དཔལ་དེ་ཅིའི་ཕྱིར་ཞེ་ན། ལྟ་བ་ཡོད་ན་ལས་མངོན་པར་འདུ་བྱེད་པར་འགྱུར་ཏེ། འཇམ་དཔལ་གྱིས་པ་ཐོས་པ་མེད་པ་སོ་སོའི་སྐྱེ་བོ་ནི།
171a7 ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་མི་ཤེས་པས། བདག་དང་གཞན་དུ་དམིགས་སོ།། དམིགས་ནས་ལུས་དང་། ངག་དང་། ཡིད་ཀྱི་ལས་རྣམ་པ་གསུམ་མངོན་པར་འདྲ།




iiif viewer powered by OpenSeadragon

170b - 171b

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo