e-texts navigator
Collection
Volume
Page
Wylie

170b1 དེ་གཟིགས་ནས་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་བསྟན་ཏེ། གང་རྟག་གིས་གང་ཟག་འཚོང་གཟུང་བར་མི་བྱའོ།། གང་ཟག་གིས་གང་ཟག་ལ་ཆོད་བཟུང་ནན་འདུང་བ་འགྱུ
170b2 འམ་གཞན་ཡང་ད་དང་འདྲ་བདག་གིས་གང་ཟག་ལ་ཚོང་གཟུང་ངོ་།། རིགས་ཀྱི་བུ་སུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལ་འང་བརྟག་པར་མི་བྱ་སྟེ། དེ་དགལ་འདིནི་འོད་འབྲོག
170b3 འདི་ནི་འདི་འདྲའི་ཞེས་དབྱ་བར་མི་བྱའོ།། ཉིན་མཚན་དུ་སངས་རྒྱས་ཀྱི་ཆོས་ལ་བརྩོན་པར་བྱའོ།། རིགས་ཀྱི་བུ་ཆོས་ལ་བསྒོམས་པོའི་ཡིད་ཀྱིས་བསམ་པ་ཐག་པ་ནས་ཡང་དག་པར་ཞུགས་པའི་བྱང
170b4 ཆུབ་སེམས་དཔའ་ནི། གཞན་ལ་དཔྱ་བར་བརྩོན་པར་མི་གནས་སོ།། རིགས་ཀྱི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས
170b5 ཅད་བྱང་ཆུབ་སེམས་དཔའ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་བས། བྱང་ཆུབ་སེམས་དཔའ་གང་གཅིག་པུ་དབེན་པར་འདུག་སྟེ། ཆུང་ངུ་ན་སེ་གོལ་གཏོགས་པ་ཙམ་དུའང
170b6 ཆོས་ཐམས་ཅད་ཚུལ་གཅིག་པར་ཡིད་ཆེས་ཤིང་། ཐ་ན་ཆུང་ངུ་བྲི་བའམ། དཔྱད་པའམ། ལུང་འབོབ་པའམ། ཁ་ཏོན་བྱ་བའི་ཕྱིར་གནས་ན། འདི་ནི་དྲོ་བས་ཆེས་བསོད་ནམས་མང་དུ
170b7 འཕེལ་ལོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཚུལ་འདི་ཁོང་དུ་ཆུད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་བོ།། སེམས་ཅན་ཐམས་ཅད་ལ་ཆག་པ་དང་།




iiif viewer powered by OpenSeadragon

170a - 171a

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo