| | e-texts navigator
|
170a1 རྫོགས་པའི་སངས་རྒྱས་འོད་འཕྲོ་མ་མེད་པའི་གསུང་ལ་ས་བྱུང་བར་གྱུརརོཏོ།། དེ་ས་བྱུང་ནས་དེའི་རློའི་ཟླབ་པན་སོང་གུདྷཱག་རྒྱ་པོ་བྱོད་ལ
170a2 བ་ལྟར་རྣམ་པར་སྤྱད་ཀྱང་འཐུན་པའི་བཟོད་པ་ཙམ་ཡང་མཐོབ་སྟེ། ཚེ་རབས་བརྒྱ་སྟོང་མང་པོར་དབང་པོ་རྒྱལ་པོར་གྱུར་ཏོ།། རིགས་ཀྱི་བུ་དེའི་ཚེ་རིའི་དུས་ན། དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར།
170a3 དྲག་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པར་སེམས་ན། དེ་ལྟར་མྱི་བལྟ་སྟེ། དེ་ཅི་འ་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མི་བསྐུལ་བ་ནི་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ
170a4 ཞེས་བྱ་བར་གྱུར་ཏོ།། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། ང་ནི།
170a5 དགེ་སློང་ཆོས་སྨྲ་བ་སྤྱོད་པའི་བློ་གྲོས་ཞེས་བྱ་བར་གྱུར་ཏོ།། ང་ཡང་དེ་ལྟ་བུའི་ཐབས་ཕྲ་མོས་དེ་ལ་མ་དད་པའི་སེམས་བསྐྱེད་དེ། ལས་ཀྱི་སྒྲིབ་པ་མངོན་པར་འདུས་བྱས་པས།། སེམས་ཅན
170a6 དམྱལ་བ་དག་ཏུ་ལྟུང་བར་གྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ཕྲ་བ་ནི་ལས་ཀྱི་སྒྲིབ་པ་ཡིན་གྱིས། རིགས་ཀྱི་བུ་སུ་ལས་ཀྱི་སྒྲིབ་པ་དེ་ལྟ་བུ་མི་འདོད་པ་དེ་དག་གིས་གཞན་གྱི་སྤྱོད་པ་ལ་ཁོང་ཁྲོ་བར་མི་བྱའོ།།
170a7 དེའི་སྤྱོད་པ་ཐམས་ཅད་ལ་ཡིད་ཆེས་པར་བྱའོ།། འདི་སྙམ་དུ་ཕ་རོལ་གྱི་སེམས་ནི་བདག་གིས་མི་ཤེས་ཏེ། སེམས་ཅན་གྱི་སྤྱོད་པ་ནི་ཤེས་པར་དཀའ་འོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། དོན་གྱི་དས
iiif viewer powered by OpenSeadragon
169b - 170b