| | e-texts navigator
|
169a1 ནས། དེས་གཎྜཱི་བརྫུས་ཏེ། དགེ་སློང་གི་དགེ་འདུན་བསྨྲས་ནས་དུམ་ཚིག་བྱས་པ་དྲུག་ཅག་གི་ནང་ནས་སུ་ཡང་རུ་སྟེ། སུས་ཀྱང་སྤྱོང་སུ་སྟོབར།
169a2 མི་བྱའོ།། ཁྱེད་ནི་ཤེས་བཞིན་མེད་པའི་སྤྱོད་པ་ཡིན་ཏེ། ཉུང་ངུ་སྨྲ་བ་མ་ཡིན་གྱིས། ཁྱེད་གྲོང་དུ་འདོང་པས་ཀྱང་ཅི་ཞིག་བྱ་སྟེ། དགོན་པ་ལ་གནས་པ་ནི། བཅོམ་ལྡན་འདས་ཀྱིས
169a3 གནོང་ཞིང་བསྔགས་པ་ཡིན་གྱིས། ཁྱོད་གྲོང་དུ་མ་འདོང་བར་བསམ་གཏན་གྱི་བདེ་བས་རྣམ་པར་སྤྱོད་ཅིག་ཅེས་བསྒོའོ།། དེ་དག་གིས་དེ་ཟེར་བ་ལྟར་མ་མཉན་ཏེ། ཡང་གྲོང
169a4 ངག་ཏུ་འདོང་བར་གྱུར་ཏོ།། རིགས་ཀྱི་བུ་དེ་ནས་དགེ་སློང་དེ་དག་ནམ་གྲོང་ནས་ཕྱིར་འོངས་པར་གྱུར་པ་དེའི་ཚེ། དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་ཡང་གཎྜཱི་བརྡུངས་ནས། དགེ་སློང་གི་དགེ།
169a5 འདུན་བསྡུས་ཏེ། འདི་སྐད་དུ་གལ་ཏེ་དྲ་ཕན་ཆད་ཁྱེད་གྲོང་དུ་འདོང་དང་། ཁྱེད་གཙུག་ལག་ཁང་འདིར་མ་གནས་ཤིག་ཅེས་བསྒོའོ།། རིགས་ཀྱི་བུ་དེ་ནུས་དགེ་སློང་ཆོས་སྤྲོ་བ་སྤྱོད་པ་རྣམ་པར་དྲག།
169a6 པས། དགེ་སློང་དེའི་སེམས་བསྲུང་བའི་ཕྱིར་རང་གི་འཁོར་རྣམས་བོས་ཏེ།། འདི་སྐད་དུ་ཁྱེད་གྲོང་དུ་སུ་ཡང་མ་འདོང་ཞིག་ཅེས་སྨྲས་སོ།། དེ་ནས་དེའི་ཚེ་དགེ་སློང་དེ་དག་གིས་སེམས་ཅན་གང་ཇི
169a7 སྙེད་ཅིག་སྨིན་པར་བྱ་བ་དེ་དག་ཀྱང་། དགེ་སློང་དེ་དག་དང་མ་སྤྲད་པས་ཤིན་ཏུ་མི་དགའ་བར་ཡང་གྱུར། དགེ་བའི་རྩ་བ་ཡོངས་སུ་འགྲིབས་པར་གྱུར་ཏོ།། རིགས་ཀྱི་བུ་དེ་ནས་དགེ་སློང་ཆོས་སྨྲས
iiif viewer powered by OpenSeadragon
168b - 169b