e-texts navigator
Collection
Volume
Page
Wylie

168b1 བྱར་གྱུར་ཏོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མཁས་པ་མ་ཡིན་ཞིང་། དགེ་སློང་ན་བ་དང་ལྡན་པར་གྱུར་ཏོ།། དགེ་སློང་པོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་དེ་ནི། སེམས་རྒྱུ་།
168b2 ཀྱི་དབང་པོ་མཆོག་དང་། ཐ་མ་ཤེས་པ་ལ་མཁས་པར་གྱུར་ཏེ། དེའི་འཁོར་དུ་གྱུར་པ་ཇི་སྙེད་པ་དེ་དག་ཀྱང་སྦྱངས་པའི་ཡོན་ཏན་གྱི་སྦྱིམྦུ་ལྱཱ་ཥྛཱན་པར་གྱུར་ཏེ། མིང་ཊཱི་སྨྲ་པ
168b3 ཅན་ཐབས་ལ་མཁས་པ་དག་ཏུ་གྱུར་ཏོ།། རིགས་ཀྱི་བུ་དེ་ནས་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་འཁོར་དང་བཅས་ཏེ། དགེ་སློང་སྤྱོད་པོའི་བློ་གྲོས་གྲོང་ན་གནས་པའི་གཙུག་ལག
168b4 ཁང་དེར་ཕྱིན་ནས། དེ་ན་གནས་པར་གྱུར་ཏེ། དེ་གཙུག་ལག་ཁང་དེ་ནུས་ཡང་དྲང་ཡུང་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་གྲོང་དུ་འགྲོ་ཞིང་དེ་དག་ཏུ་ཟས་ཀྱི་བྱ་བ་བྱས་ནས་ཕྱིར་འོང་པར
168b5 གྱུར་ཏོ།། དེས་དེ་དག་ཏུ་རིགས་བརྒྱ་སྟོང་དུ་མ་དད་པས་བྱས་པར་གྱུར་ཏོ།། དེའི་འཁོར་ཇི་སྙེད་པ་དེ་དག་ཀྱང་ཚུལ་ལ་མཁས་པར་གྱུར་ཏེ། དེ་དག་ཀྱང་དེ་དག་ཏུ་དོང་ཞིང་སེམས་ཅན་རྣམས
168b6 ལ་ཆོས་སྟོན་ཏེ། དེ་དག་གིས་ཀྱང་སྲོག་ཆགས་བརྒྱ་སྟོང་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་པར་གྱུར་ཏོ།། དགེ་སློང་སྤྱོད་པའི་བློ་གྲོས་ཀྱི་འཁོར་དེ་དག་ནི
168b7 བསམ་གཏན་ལྷུར་ལེན་ཅིང་། གྲོང་དག་ཏུ་ཡང་འཁོར་བར་ཡང་མ་འདོང་ངོ་།། དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས། བྱང་ཆུབ་སེམས་དཔའ་གཞན་དག་ལ་མ་དད་པའི་སམ་བསྐྱེད




iiif viewer powered by OpenSeadragon

168a - 169a

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo