e-texts navigator
Collection
Volume
Page
Wylie

167b1 ཀྱང་དེའི་ཉིས་འགྱུར་དུ་གྱུར་ཏེ། ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པའི་ཏིང་ངེ་འཛིན་གྱི་ཚུལ་མངོན་པར་བསྒྲུབ་པ་ལ་མཁས་པ། སྒོ་མཐའ་ཡས།
167b2 པའི་གཟུངས་རབ་ཏུ་ཐུབ་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཤ་སྟག་ཚོགས་སུ་གྱུར་ན། བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསོར་དུ་ཞུགས་པ་རྣམ་ཀྱི་ཚོགས་ལྟ་སྨོས
167b3 ཀྱང་ཅི་དགོས་ཏེ། དེར་ནི་རང་སངས་རྒྱས་ཀྱི་ཐེག་པ་ཡང་ཚད་མེད་པར་གྱུར་ཏོ།། རིགས་ཀྱི་བུ་དེ་ལྟར་དེའི་ཚེ། བཅོམ་ལྡན་འདས་དེའི་འཁོར་གྱི་ཚོགས་ནི་རྙེད་མེད་པ་འདུས་པར་གྱུར་ཏོ།།
167b4 འཇིག་རྟེན་གྱི་ཁམས་གསེར་གྱི་མདོག་འོད་འཕྲོ་བ་དེ་ནི་ཤིང་ངམ། ལྡུམ་བུ་གང་ཅི་ཡོད་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱུ་ལས་གྲུབ་པར་གྱུར་ཏེ་ཀ་ཤིང་དེ་དག་ལས་ཀྱང་འདི་ལྟ་བུའི་སྒྲ
167b5 གང་འདྲི་སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པོ་མེད་པའི་སྒྲ་དང་། སྐྱེ་བ་མེད་པའི་སྒྲ་དང་། འགག་པ་མེད་པའི་སྒྲ་དངག་དངོས་པོ་མེད་པའི་སྒྲ་དང་། མཚན་ཉིད
167b6 མེད་པའི་སྒྲ་དང་། དེ་ལྟ་བུའི་སྒྲ་དག་བྱུང་བར་གྱུར་ཏོ། སྒྲ་དེ་དག་བྱུང་བས་སེམས་ཅན་དེ་དག་གི་སེམས་རྣམ་པར་གྲོལ་བར་གྱུར་ཏོ།། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས
167b7 འདས་ནས། ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཏེ། དེ་ཕྱིན་ཆད་སྒྲ་དེ་དག་ཀྱང་ཤིང་དེ་དག་ལས་འབྱུང་བ་མེད་པར་གྱུར་ཏོ།། རིགས་ཀྱི་བུ་དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག




iiif viewer powered by OpenSeadragon

167a - 168a

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo