| | e-texts navigator
|
166b1 ཡང་དག་པར་བླངས་ཏུ་གནས་ཀྱང་། ཆོས་ཀྱི་རྒྱུར་འངམ་ཤེས་ན།། དགེ་པའི་རྩ་བ་དེ་དག་རྣམས་ཅང་སྦྱི་ཟུད་པར་འགྱུར་རོ།། རིགས་ཀྱི་སྙམ་སྦྱི་དགུ་པའི་ཆུ་བ་ཤཱ་ན་མྱུར།
166b2 བལ་ལྟོས།། རིགས་ཀྱི་བུ་ལྷ་སྦྱིན་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་གྱུར་ཏོ།། དེ་ལྟ་བུའི་དགེ་བའི་རྔ་བ་དང་ལྡན་པ་དེ་ཡང་ཚུལ་འདི་མ་ཤེས་པས། དགེ་བའི་རྩ་བ་དེ་དག
166b3 ཐམས་ཅད་ཡོངས་ཆད་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། རིགས་ཀྱི་བུ་རྣམ་གྲངས་དེས་ཀྱང་། ཇི་ལྟར་ཆོས་ཀྱི་ཚུལ་འདི་ཁོང་དུ་མ་ཆུད་པ་རྣམས་ཀྱི་དགེ
166b4 བའི་རྩ་བ་ཆད་པར་འགྱུར་བར་རིག་པར་བྱའོ།། རིགས་ཀྱི་བུ་སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ། ཤིན་ཏུ་བགྲང་བ་ལས་འདས་པ། ཚད་མེད་པ། ཡངས་པ། གཞལ་དུ་མེད་པ།
166b5 དེའི་ཕ་རོལ་དེའི་ཡང་ཕ་རོལ་གཅིག་གི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་རིག
166b6 བ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས
166b7 འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་ནི། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དགུ་བཅུ་རྩ་དགུར་གྱུར་ཏོ།། འཇིག་རྟེན་གྱི་ཁམས་དེའི་མིང་ནི་གསེར་མདོག་གི་འོད
iiif viewer powered by OpenSeadragon
166a - 167a