| | e-texts navigator
|
166a1 དརྒྱལ་ཅན་ཏུ་མཐོབ་པ་འཐོབ་པར་འདུ་ཤེས་པ་ཁྱབ་རྒྱ་ས་མངོན་པའི་དམ་མེད་པའི་ཆོས་བསྟན་པ་འདྲི་ཐོས་ནས། ཆོས་ཐམས་ཅད་ནི་ནམ་གཅིག་ག་ནས་རྒྱུ
166a2 ཡིད་ཆེས་པར་གྱུར་ཏེ། ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ།། བྱང་ཆུབ་སེམས་དཔའི་ཚོགས་འདིའི་ནང་ནས་ཀྱང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དྲུག་ཅུརྩ
166a3 གཉིས་ཀྱིས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཁོང་དུ་ཆུད་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་བསྟུན་པ་འདི་ནི་ཕུལ་དུ་བྱུང་བ་སྷོ།།
166a4 རིགས་ཀྱི་བུ་ངས་ཀྱང་སྔོན་དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དགྲ་པར་རྫོགས་པའི་སངས་རྒྱས་མི་རུ་མེ་མཛད་ཀྱི་དྲུང་དུ་ཆོས་ཐམས་ཅད་ནི་ཚུལ་གཅིག་པའོ་ཞེས་བྱ་བར་ཁོང་དུ་ཆུད་པ།
166a5 གྱུར་ནས། དེའི་འོག་ཏུ་ངས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།། རིགས་ཀྱི་ཕུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཐོབ་པ་དང་། ཆོས་བསྟན་པ་འདི་ཐོས་པར་མཚུངས་ཏེ། རིགས་ཀྱི་བུ་ཚུལ
166a6 འདི་རྟོགས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་བར་ངས་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གལ་ཏེ་བྱང་ཆུབ
166a7 སེམས་དཔའ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་བྱིན། ཚུལ་ཁྲིམ་བ་སྲུངས། བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག། ཤེས་རབ
iiif viewer powered by OpenSeadragon
165b - 166b