| | e-texts navigator
|
165a1 རྗོད་དོ།། ཆོས་དང་ས་ནཱི་དེ་ལ་དམིགས་པ་རྨེས་ཡོས་ཀྱིད་ཚུལ་གཅིག་དེལ་གཟུགས། བཟོད་ཐ་མེད་མཆོག་ནི་ཐོབ་པར་འགྱུར། ཁྱོད་ང་བཟོད་དུ་འདོད
165a2 པའི་ཡོན་ཏན་དང་།། མི་བཟོད་མི་རྟོག་རྣམ་པར་མི་བཅག་སྟེ།། མི་སྐྱེ་དེ་ལྟར་རབ་ཏུ་ཤེས་གྱུར་ན།། སྐྱོན་མེད་སེམས་ཅན་མཆོག་ཏུ་དེ་དག་འགྱུར།། ལྷོ་བྱང་ཤར་ནུབ་ཕྱོགས་རྣམས་ཐ་མ་རྒྱུད
165a3 ཀྱི། གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ།། སྐྱེས་བུ་ལ་ལས་དེ་བླངས་འབྲུ་རེ་ནས།། ཕྱོགས་གཅིག་ཞིང་དེར་རབ་ཏུ་དགོད་བྱས་ཏེ།། ཞིང་རྣམས་ཇི་སྙེད་བྱུང་བ་དེ་དག་ཀུན།། རྒྱལ་བ་རྣམས་ལ་རིན
165a4 ཆེན་བཀང་བྱས་ཏེ།། བསྐལ་པ་བྱ་བ་མང་པོ་ཕུལ་བ་བས།། མདོ་སྡེ་འདི་དག་བསོད་ནམས་ཆེས་ཀྱང་མང་།། དེ་ལ་བསོད་ནམས་གྲངས་མེད་འཕེལ་བར་འགྱུར།། བྱང་ཆུབ་དོན་གཉེར་འདི
165a5 ལ་རབ་བྱུང་བ།། དེ་དག་ལ་ནི་མདོ་སྡེ་འདི་གཏད་དེ།། དེ་དག་བཟོད་པ་དམ་པ་མྱུར་དུ་ཐོབ།། མཐའ་ཡས་སྒོ་ཡི་མདོ་འདི་སུ་སྟོན་པ།། དེ་ལ་གཟུངས་རྣམས་མི་རིང་ཉེ་བར་གནས། མདོ་སྡེ་བྱབ།
165a6 ཁྲག་ཁྲིག་དེས་ཐོབ་སྟེ།། སྤོབས་དང་བློ་རྣོའི་ནན་ཏན་ཐོབ་པར་འགྱུར།། ཚིག་ལ་ཐོགས་པའང་ཕྱེ་བས་ཤེས་པར་འགྱུར།། སོ་སོ་ཡང་དག་རིག་ཀྱང་མྱུར་དུ་ཐོབ།། སངས་རྒྱས་མཐའ་ཡས
165a7 སློབླ་བའི་སྦྱིན་པ་མཛད།། རྣམ་པ་མང་པོར་མདོ་སྡེ་མང་པོ་སྔོན།། ཚུལ་འདི་གང་གིས་ཤེས་འགྱུར་དེ་དག་ནི།། རང་གིས་མདོ་སྡེ་མང་པོ་དྲན་པར་འགྱུར།། ནིང་གི་དམ་པ་དག་ཏུའང་དེ་དག་འགྲོ
iiif viewer powered by OpenSeadragon
164b - 165b