| | e-texts navigator
|
164b1 བའང་གང་ཡང་མེད།། ཉིན་པར་ལན་གསུམ་མཚན་ཡང་དེ་བཞིན་ཏེ།། བྱང་ཆུབ་སེམས་དཔའ་གླང་ལ་སྤྱི་བོས་འཐུད།། དེ་དག་འཁྲུལ་པ་གང་ལའང་རྟག་མི་བྱ།། རྟག་པར་སྤྱོད་པ་ཅི་བདེར།
164b2 སྤྱོད་དུ་ཆུད།། འདོད་པའི་ཡོན་ཏན་དགའ་བར་སྤྱོད་མཐོང་ན།། དེ་ཡི་འཁྲུལ་པ་གང་ཡང་བཅུག་མི་བྱ།། བྱང་ཆུབ་སྤྱོད་པ་མཐའ་ཡས་ཡོན་ཏན་གྱིས།། དེ་ཡང་མ་འོངས་དུས་ན་བྱང་ཆུབ
164b3 ཐོབ།། ལན་ཅིག་ཁོ་ནར་རྒྱལ་བར་འགྱུར་བ་མིན།། རིགས་པའི་རིམ་དང་བྱ་བའི་རིམ་གྱིས་འཐོབ།། བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མང་དུ།། གོ་ཆ་བགོས་པས་ཐོབ་ཀྱི་གཞན་དུ་མིནི།
164b4 རྟོག་དང་རྣམ་རྟོག་འདོད་ཆགས་མེད་པ་སྟེ།། ངས་ཀྱང་བྱང་ཆུབ་འདོད་ཆགས་འདྲ་བ་ཐོབ།། ཉོན་མོངས་ཡིད་མིན་དེ་དག་ཡོང་མི་འགྱུར།། དེ་ལྟར་ཡིད་ཆེས་བཟོད་པ་དམ་པ་ཐོབ།། ཡི་གེ་།
164b5 མེད་པའི་ཆོས་ལ་ཞུགས་གྱུར་ཅིང་།། སྒྲ་རྣམས་ཐམས་ཅད་སྒྲ་མེད་བལྟ་བར་བྱ།། གང་ཞིག་དེ་འདྲའི་ཆོས་ལ་ཡིད་ཆེས་པ།། དེ་ལ་འདོད་ཆག་ཞེ་སྡང་གཏི་མུག་མེད།། འདོད་ཆག་བྱང་ཆུབ།
164b6 ལྷག་ཆད་མེད་པར་མཉམ།། དེ་གཉིས་ཡི་གེ་མེད་པར་རྟོག་པར་གྱིས།། དེ་ནི་གཉིས་ཀའི་མིང་ཙམ་བྱུང་བ་སྟེ།། གང་ཞིག་ཡི་གེར་བརྗོད་པ་དེ་ལ་ཅི་ཡང་མེད།། སྒྲ་རྣམས་ཐམྦ་ཅད་སྒྲ
164b7 གཅིག་རབ་ཤེས་ན།། སྣ་ཚོགས་སུ་ནི་ནམ་ཡང་འགྱུར་བ་མེད།། ང་ཡིས་གང་བཤད་མུ་སྟེགས་དེ་དག་འཆད།། དེ་དག་འདི་འདྲའི་ཆོས་ཉིད་ཤེས་མ་ཡིན།། ཆོས་རྣམས་འདི་དག་སྐད་ཀྱི་སྒྲས
iiif viewer powered by OpenSeadragon
164a - 165a