| | e-texts navigator
|
164a1 ཏན་སེམས།། དེ་དག་ལྟས་དང་གྲོང་ཁྱེར་གྲོང་སོང་ཞིང་།། སེམས་ཅན་མང་པོ་ཡོངས་སུ་དགྲོལ་ཞེས་ཟེག། འགྲོ་བ་ཀུན་ལ་སྟེང་རྗེ་དག་ལ་སྤྱོད།། འཇིག་རྐྱེན་ཀུས
164a2 ཕན་སེམས་དེ་བཞིན་ཏེ།། དེ་དག་ཞེ་སྡང་སེམས་ཀྱིས་དེ་ལྟ་བུའི།། ཆོས་ཉིད་འཚེ་བའི་ཚུལ་ཅན་རྗོད་པར་བྱེད།། འཚེ་བ་སྙིང་རྗེ་གཅིག་དང་འདུས་པ་ནི།། ནམ་ཡང་ཡོད་པར་མ་མཐོང་མ་ཐོས་ཏེ།།
164a3 ཕན་ཚུན་ཁྲོ་བར་བྱེད་དང་ལྡན་གྱུར་ཅིང་།། ཚད་མེད་ཚེ་ཡི་ཞིང་དུ་སྨོན་པ་བྱེད།། གངྒཱའི་ཀླུང་གི་བྱེ་མ་ཇི་སྐྱེད་པར།། བརྡེག་ཅིང་སྤྱོ་སར་ཐོབ་པའི་གནས་ཡོད་ཀྱི།། བཟོད་པ་ཡོངས་སུ་མ་ཤེས
164a4 མ་བསྒོམས་པ།། རྒྱལ་བ་དེ་དག་ཞིང་དུ་དེ་མ་འགྲོ། ཞིང་རྣམས་ཞིང་མིན་གང་གིས་ཤིས་གྱུར་ཅིང་།། ཞིང་རྣམས་ཐམས་ཅད་ནམ་མཁའི་རང་བཞིན་ཞེས།། གང་གི་ཡོན་ཏན་རློམ་སེམས
164a5 གང་མེད་པ།། སྐྱེས་བུ་ཁྱུ་མཆོག་ཞིང་དུ་དེ་འགྲོའོ།། ཐམས་ཅད་ཉེས་བྱས་བདག་གིས་བཟོད་པར་བྱ།། རྒྱལ་བའི་སྲས་ལ་སྟོན་པར་སེམས་ཤེས་སྨྲ།། སྟོན་པའི་འདུ་ཤེས་ཅན་ལ་ཁྲོ་ཡོད།
164a6 བ།། ངས་ནི་ནམ་ཡང་མ་མཐོང་མ་ཐོས་སོ།། བསླང་བའི་གྲོང་དང་མཛའ་པའི་གྲོང་ཆགས་ཤིང་།། གཅིག་ལ་གཅིག་ནི་སྤྱོད་པ་སུནཱ་ཡང་འབྱིན།། འདི་ནི་བདག་གིས་སྨིན་བྱའི་སྒྲལ་ཡིན།
164a7 གྱིས། སུ་ཡང་དེར་མ་འགྲོ་ཞེས་དེ་དག་ཟེར།། བདག་དང་འདྲ་བ་དེ་འདྲ་གང་ཡང་མེད།། དེ་ལ་སྤྱོད་པ་རྣམ་དག་མེད་ཅེས་ཟེར།། མི་མཁས་དེ་ནི་བྱང་ཆུབ་ཐོབ་མི་འགྱུར།། དེ་ལ་དོན་དུ་འགྱུར།
iiif viewer powered by OpenSeadragon
163b - 164b