e-texts navigator
Collection
Volume
Page
Wylie

163b1 གང་གིས་མིང་དེ་མིང་མེད་ཤེས་གྱུར་མ།། དེ་ནི་བཟོད་པའི་སྤོབས་མཆོག་ཐོབ་པར་འགྱུར།། བྱང་ཆུབ་དམ་འཆའ་སེམས་ཅན་མང་བ་སྟེ།། དེ་དག་ཚིག་གིས་གཞམ་པ་དེ་སྐད་རྗོད།
163b2 ཚིག་གིས་དག་འཛིན་ནན་ཏན་ཡོད་པ་མིན།། དེ་དག་བྱང་ཆུབ་ཀུན་ནས་ཁེབས་པར་གནས།། སྤྱད་ལམ་དག་དང་འཁྲུལ་ལ་ཆགས་གྱུར་ཅིང་།། ཚིག་དང་སྨྲ་བར་དགའ་ཞིང་མ་མཁས་ཏེ།
163b3 ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན།། ཚིག་གིས་དག་པས་བྱང་ཆུབ་ཚང་མི་རྒྱ།། སྦྱོང་ཉིད་ཆོས་དག་ཡོངས་སུ་རྗོད་བྱེད་ཅིང་། བརྩོད་ལ་དགའ་ཞིང་འཐབ་པས་སྤང་བའི་སེམས།།
163b4 སྲོག་མེད་ངན་སེམས་བྱེད་པ་དེ་དག་ལ།། སངས་རྒྱས་ཆོས་དང་བྱང་ཆུབ་ག་ལ་ཡོད།། ངན་སེམས་བཟོད་གཉིས་ཚུལ་གཅིག་རང་བཞིན་ཞེས།། དེ་ལྟར་ཤེས་པས་བྱས་ཤིང་ཁྲོ་བ
163b5 སྤང་།། སེམས་ཅན་རང་བཞིན་ཡོངས་སུ་མི་ཤེས་པས། བྱིས་པའི་བློ་ཅན་ཁྲོ་བ་སྐྱེད་པར་བྱེད།། སེམས་ཅན་ཐམས་ཅད་བདག་ལ་དབེན་པ་སྟེ།། རྒྱལ་བ་སེམས་ཅན་འགྲེལ་འགྱུར་སྨོན
163b6 ཅེས་ཟེར།། དེ་དག་གླེངས་པ་ཙམ་གྱིས་ཁྲོ་འགྱུར་ཞིང་།། ཞེ་སྡང་འཆད་པས་དེ་དག་ཚིག་མི་སྟེར།། འཐབ་ལ་དགའ་ཞིང་ཞེས་པ་ཚོལ་བྱེད་ལ།། བཟོད་པའི་བསྔགས་པའང་རྟག་པར
163b7 དེ་དག་བརྗོད།། ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཅེས་སྨྲ།། ང་རྒྱལ་ཁེངས་པས་འཁྲུལ་པ་རྗེས་སུ་རྟོག་ཟས་ལ་ཆ་གྲ་ཤིང་མ་རི་མུན་པས་འཆིངས།། ཉིན་མཚན་དག་ཏུ་འདོད་པའི་ཡོན




iiif viewer powered by OpenSeadragon

163a - 164a

Texts on this page

Ty041-011 - 'phags pa chos thams cad 'byung ba med par bstan pa zhes bya ba theg pa chen po'i mdo